བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་དབུལ་སྐྱོར་ས་ཚིགས་སུ་འཚམས་འདྲི་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-26   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2018ལོའི་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ།  བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་མི་སྣ་ཚང་མས་འབའ་ལུང་རྫོང་ཀྲུང་ལུའུ་ཤང་ལ་ཀ་ལུའོ་གྲོང་སྡེའི་ཆ་སྒྲིག་འབྲེལ་གཏུག་དུད་ཚང་ལ་སྒོར་ཁྲི་26400གྱི་ཞལ་འདེབས་འབུལ་བ་དང་།  ཟླ1པོའི་ཚེ་20ཉིན།  བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་འཚམས་འདྲིའི་ཚོ་ཆུང་གིས་ལ་ཀ་ལུའོ་གྲོང་སྡེར་དབུལ་ཕོངས་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་ཞུ་རུ་སོང་སྟེ།  མང་ཚོགས་རྣམས་ལ་གྱོན་ཆས་དང་ཉལ་གོས།  འཕྲལ་མཁོའི་ཁུག་མ་དང་འཚམས་འདྲིའི་མ་དངུལ་སོགས་གཏོང་བ་རེད།
         ཀྲུང་ལུའུ་ཤང་ལ་ཀ་ལུའོ་གྲོང་སྡེ་ཨུ་ཡོན་ལྷན་ཁང་དུ་འཚམས་འདྲིའི་ཚོ་ཆུང་གིས་མང་ཚོགས་ལ་བློ་སེམས་བརྟན་པོར་འཛིན་དགོས་པ་དང་།   ཧུར་ཐག་གིས་ཞིང་ལས་ཀྱི་ཤེས་བྱ་དང་རྩལ་ནུས་སློབ་སྦྱོང་བྱེད་དགོས་ཏེ།  འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས་དར་འཕེལ་གཏོང་དགོས་པ་དང་། རང་ཉིད་ཀྱིས་ལས་ལ་བརྩོན་ནས་འཚོ་བ་གསར་པར་སྐྲུན་ཏེ་མྱུར་དུ་ཕྱུག་འགྱུར་ཡོང་དགོས་ཞེས་སྐུལ་ལྕག་བྱས།
 ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ཏང་དང་རྩ་འཛུགས་ཀྱིས་ཁ་གཏད་ས་ཚིགས་ཀྱི་དབུལ་སྐྱོར་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་།   གོང་རིམ་གྱི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་པ་དོན་འཁྱོལ་ཏན་ཏིག་བྱས་པ།  གནད་ཁེལ་རོགས་སྐྱོར་ལས་ཀ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བྱས་ཏེ།   ལ་ཀ་ལུའོ་གྲོང་སྡེའི་གྲོང་མི་རྣམས་དབུལ་ལས་སྒྲོལ་བ་དང་ཕྱུག་ཏུ་འགྱུར་བའི་ཆེད་དུ།  ཐེངས་མང་པོར་ཟབ་ཏུ་འཇུག་ནས་བརྟག་དཔྱད་བྱས་པ་མ་ཟད་ཐབས་འདོན་ཇུས་འབུལ་དང་སྟོབས་ཤུགས་གང་མང་འབུལ།  བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་ལས་བྱེད་པ་དང་དབུལ་སྐྱོར་ས་ཚིགས་ཀྱི་གྲོང་མི་བར་ཆ་སྒྲིག་པ་དང་གཉེན་འཚོལ་བའི་རོགས་སྐྱོར་བྱེད་ཚུལ་གྱིས་མང་ཚོགས་ཀྱི་གནས་ཚུལ་དང་འདོད་བློ་རྒྱུས་ལོན་བྱས་ནས་གྲོང་མིའི་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་དང་རོགས་རམ་བྱས།
         དབུལ་ཕོངས་མང་ཚོགས་ལི་ཧུའེ་ཡིས་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་ལོ་ལྟར་ང་ཚོར་ཅ་ལག་དང་འཚམས་འདྲིའི་མ་དངུལ་གནང་བ་ལ་བཀའ་དྲིན་ཆེ་ཞུ།    ཁྱེད་རྣམ་པའི་རོགས་རམ་འོག་ང་ཚོའི་འཚོ་བ་ཇེ་ཡག་ཏུ་གྱུར་ཡོད་པ་དང་།  ཁྱེད་རྣམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག   ང་ཚོས་མ་འོངས་པའི་འཚོ་བ་ལ་བློ་སེམས་བརྟན་པོར་འཛིན་ཡོད་པ་མ་ཟད་མྱུར་དུ་དབུལ་ལས་སྒྲོལ་བ་དང་ཕྱུག་ཏུ་འགྱུར་བར་འབད་རྒྱུ་ཡིན་ཞེས་བཤད།