དགུན་དུས་ཀྱི་གཟི་ཚ་སྡེ་དགུ་ཡི་མཛེས་ལྗོངས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-17   རྩོམ་ཁུངས།    མི་དམངས་དྲ་བ།

 

          2017ལོའི་ཟླ་8པར་ས་ཡོམ་རིམ་པ་7.0བྱུང་རྐྱེན། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ལ"ཡུན་རིང་གི་ངལ་གསོའི་དུས་ཚོད"ཅིག་བྱུང་བ་རེད། འོན་ཏང་། མི་རྣམས་ཀྱིས་ས་ཡོམ་གྱི་གནོད་འཚེ་དེའི་དབང་གིས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྲགས་ཅན་དག་མེད་པར་གྱུར་པའི་སེམས་ཁྲལ་ཡང་བྱེད་བཞིན་ཡོད་པ་རེད། དགུན་དུས་ཤར་བ་དང་། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་གནས་ཚུལ་ཇི་འདྲ་ཞིག་ཡིན་ནམ་ཞེ་ན། ཉེ་ཆར། ཤིན་ཧྭ་གསར་འགྱུར་ཁང་གི་མི་མེད་གནམ་གྲུའི་རུ་ཁག་སི་ཁྲོན་རུ་འབྲིང་གིས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་མི་མེད་གནམ་གྲུའི་པར་ལེན་ལ་བརྟེན་ནས་དགུན་དུས་ཀྱི་གཟི་ཚ་སྡེ་དགུའི་མཛེས་ལྗོངས་པར་དུ་བླངས་ཡོད།