ཅིན་ཅང་ནགས་སྲུང་ས་ཚུགས་ཀྱིས་མེ་སྐྱོན་སྔོན་འགོག་གི་བྱ་བ་བཀོད་སྒྲིག་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར།  སེམས་ཉི་ཟླ་གྲོང་ཁྱེར་ཅིན་ཅང་ནགས་སྲུང་ས་ཚུགས་ཀྱིས་ལས་བཟོ་བ་ཡོངས་རྩ་འཛུགས་བྱས་ནས་གྲོང་ཁྱེར་གྱི་ནགས་རའི་མེ་སྐྱོན་སྔོན་འགོག་ཐད་ཀྱི་འབྲེལ་ཡོད་ཡིག་ཆ་སློབ་སྦྱོང་བྱས་པ་མ་ཟད། ཡིག་ཆའི་འབྲེལ་ཡོད་གཏན་འབེབས་ལྟར་སྔར་ལས་ལྷག་པར་ནགས་ཚལ་མེ་སྐྱོན་སྔོན་འགོག་ཐད་ཀྱི་བྱ་བ་བཀོད་སྒྲིག་ནན་མོ་བྱས་པ་རེད།  
     ནགས་སྲུང་ས་ཚུགས་ཀྱིས་ལས་བྱེད་མི་སྣ་དང་སྡེ་བ་སོ་སོའི་ནགས་སྲུང་མི་སྣས་མེ་སྐྱོད་བྱུང་ཉེན་ཆེ་ས་དང་སྡེ་མི་འདུས་སྡོད་ཆེ་ས།  འགག་སྒོ་གཙོ་བོ། ནགས་ཁུལ་གཙོ་བོ་བཅས་ཀྱི་ས་ཆར་འགོག་སྲུང་དང་ལྟ་རྟོག་ནན་མོ་བྱེད་དགོས་ལ། དུས་མཚུངས་སུ་ནགས་རའི་ཕྱི་རོལ་གྱི་མེར་དོ་དམ་ནན་མོ་བྱས་ནས་ནགས་ཁུལ་དུ་མི་ཁུར་བ་དང་འཛིན་ཡིག་མེད་པའི་རླངས་འཁོར་ནགས་ཁུལ་འགྲོ་རུ་མི་འཇུག་པ། ཕྱི་ནས་ནགས་རར་མེ་འཁྱེར་བར་གཏན་འགོག་བྱེད་པ། དམིགས་གསལ་མི་སྣ་ནགས་ར་འགྲོ་བར་ཕན་འབྲས་ལྡན་པའི་ལྟ་རྟོག་བྱེད་པར་ཤུགས་སྣོན་བྱེད་དགོས་པ་བཅས་ཀྱི་རེ་བ་ནན་མོ་བཏོན་པ་རེད།
     དེ་མིན་ལོ་སར་ལ་ཉེ་བའི་སྐབས་འདིར་ནགས་ར་སྲུང་སྐྱོབ་ས་ཚུགས་ཀྱི་ལས་བྱེད་མི་སྣ་དང་སྡེ་བའི་ནགས་སྲུང་ལས་བྱེད་མི་སྣས་ནགས་རར་སྐོར་ཞིབ་དུ་འགྲོ་བ་སོགས་ཀྱི་བྱ་བར་གཟབ་ནན་བྱེད་དགོས་ལ།  མེ་སྐྱོན་འབྱུང་སླ་བའི་ནགས་ཁུལ་དུ་སོང་ནས་ལྟ་རྟོག་བྱེད་དེ། དུས་ཐོག་ཏུ་ཤོག་སྦག་འགད་པ་སོགས་ཀྱི་བྱ་སྤྱོད་ལ་བཀག་འགོག་བྱེད་པ། མི་མེ་གསོད་ཆས་དང་མི་བྲལ་བ་དང་། སྐྱོན་མ་ཡོང་སྔོན་ལ་རག་བྱེད་པ་བཅས་ཀྱི་སྒོ་ནས་མེ་སྐྱོན་དུས་ཐོག་ཏུ་སེལ་ཐུབ་བྱས་ཏེ།  མེ་སྐྱོན་སྔོན་འགོག་ལ་ནད་དོན་མི་འབྱུང་ཁག་ཐེག་བྱེད་དགོས་པའི་རེ་བ་ནན་མོ་བཏོན་པ་རེད།