《ས་ཁྱི་ལོའི》་དམིགས་བསལ་སྦྲག་འཛིན་པར་ཕུད་འགྲེམས་སྤེལ་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        ཟླ1པོའི་ཚེས5ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་སྤྲག་སྲིད་ཡན་ལག་ཀུང་སིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱང་སྐྱོད་ལམ་ཆེན་གྱི་ལས་གཉེར་ཚོམས་ཆེན་དུ་《ས་ཁྱི་ལོའི》་དམིགས་བསལ་སྦྲག་འཛིན་པར་ཕུད་འགྲེམས་སྤེལ་གྱི་མཛད་སྒོ་གཉེར་བ་དང་སྦྲག་རྟགས་གསོག་ཉར་བྱེད་པར་དགའ་མཁན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཉོས། ཉིན་དེར་འགྲེམས་སྤེལ་བྱས་པའི་སྦྲག་འཛིན་ཆ་ཚང་110དང་སྦྲག་འཛིན་དེབ་ཆུང་30མགྱོགས་མྱུར་གྱིས་ཕྱིར་འཚོང་ཚར་སོང་། ཁུལ་སྦྲག་སྲིད་ཡན་ལག་ཀུང་སིས་དུས་མཉམ་དུ་ལོ་རྟགས་དྲན་གསོའི་དངུལ་ལོར་དང་འཁོར་རྒྱུག་བྱེད་ཐེངས་གསུམ་པའི་དངུལ་སྒོར་ཆ་ཚང་སོགས་འདོན་པས། རྒྱ་ཆེའི་སྦྲག་འཛིན་ཉར་ཚགས་དགའ་ཞེན་པའི་དོ་ཁུར་ཐོབ།ཉིན་འདིར།ཁུལ་སྤྲག་སྲིད་དོ་དམ་ཅུས་ཀྱིས་ལས་སྒྲུབ་པ་ཆེད་མངག་བྱས་ནས་ཡུལ་དངོས་སུ་སྦྲག་རྟགས་འགྲེམས་སྤེལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།