རང་ཁུལ་གྱིས་དུས་རབས་ཀྱི་སྙིང་སྟོབས་སྒྲོག་འགྲེལ་བྱེད་པའི་སློབ་ཐུན་ཐོག་མ་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པའི་ཚེས་ཉིན་རང་ཁུལ་གྱིས་༼མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་སྒོས་འབྲས་ལེགས་སྐྲུན།། འབད་བརྩོན་ལྷོད་མེད་ཀྱིས་མངོན་ཐོན་ལས་ལ་སྙེག།༽ཅེས་པའི་དུས་རབས་ཀྱི་སྙིང་སྟོབས་སྙན་ཞུ་བྱེད་པའི་སྒྲོག་འགྲེལ་སློབ་ཐུན་ཐོག་བསྡུས་པ་ཡིན་ལ། ཁུལ་རིམ་པའི་སྒྲོག་འགྲེལ་ཚོགས་པའི་འབྲེལ་ཡོད་མི་སྣ་དང་ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཧྲི་ཧེ་ཕིང་།  ཧི་ཞན་ཁྲོན་སོགས་གདན་འདྲེན་ཞུས་ནས་སྙན་ཞུ་གནངས་པ་རེད། སྙན་ཞུ་བྱེད་པའི་ནང་དོན་དེ་ ༼མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་སྒོས་འབྲས་ལེགས་སྐྲུན༽དང་༼ འབད་བརྩོན་ལྷོད་མེད་ཀྱིས་མངོན་ཐོན་ལས་ལ་སྙེག།༽ཅེས་པ་སྟེ་ནང་དོན་ཆེ་ཕྱོགས་གཉིས་ཡོད་པ་རེད། གོང་གི་བརྗོད་གཞི་འདི་གཉིས་ཀྱི་སྒོ་ནས་རང་ཁུལ་གྱི་ལོ་ངོ་60ལྷག་རིང་གི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་གཙོ་གནད་དུ་བཟུང་ཞིང་། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་དང་ལེན་ལེགས་པོ་བྱས་པའི་༼བཀའ་འགན་གཉིས་དང་ལས་འགན་གསུམ་༽གྱི་སྒྲིག་བཀོས་གལ་ཆེན་གྱི་ཕྱོགས་སུ་གཅིག་འདུས་བྱེད་ཅིང་།  དེ་མིན་བདེ་ཆེན་༼བདེ་ཆེན་སྙིང་སྟོབས་༽ཀྱི་སྐུལ་འདེད་འོག་སྔར་ལས་ལྷག་པར་བློ་ཁ་དྲང་ལམ་ལ་ཕྱོགས་ནས་མཆོང་རྣམ་པའི་འཕེལ་རྒྱས་དམིགས་ཡུལ་ལ་ངོས་འཛིན་ཡང་དག་དང་ལས་འབྲས་ལེགས་པོ་སྐྲུན་པའི་སེམས་བསྟན་པོ་བཏང་པོ་བཏང་པ་རེད།