འདས་པའི་ལོ་གཅིག་ལ་སྲིད་གྲོས་ཀྱི་གྲོས་གཞི་ཁག་89འབྱོར་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-04   རྩོམ་ཁུངས།   

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་དུ།  རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་སོ་སོས་འདོན་སྤྲོད་བྱས་པའི་གྲོས་གཞི་ཁག་89འབྱོར་ཡོད་པ་དང་།  ཚང་མ་སྒྲུབ་ཟིན་པ་རེད།
         ལོ་གཅིག་གི་རིང་། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ལ་དམིགས་ནས། གྲོས་གཞིའི་སྤུས་ཚད་འགོ་ཚུགས་སར་བཞག་པ་དང་གྲོས་ཞིབ་སྒྲུབ་ལེན་བྱེད་པ་ལས་ཀའི་བཀའ་གནད་དུ་བཞག་ནས། གཏིང་ཟབ་ཀྱིས་ཞིབ་འཇུག་བརྟག་དཔྱད་བྱས་པ་དང་རྒྱུན་མཐུད་ཀྱིས་ལས་ཀའི་སྒྲུབ་ཐབས་གསར་གཏོད་བྱས་པ།རྒྱུན་མཐུད་ཀྱིས་གྲོས་གཞི་སྒྲུབ་ཚད་མགྱོགས་སུ་བཏང་སྟེ། གང་ལེགས་ཀྱིས་གྲོས་གཞི་དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་དུ་ཡོད་པའི་གལ་ཆེའི་ནུས་ཤུགས་འདོན་པ་རེད།
         ཤེས་གསལ་བྱུང་དོན། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་སོ་སོར་འདོན་སྤྲོད་བྱས་པའི་གྲོས་གཞི་89རུ། ཞིབ་བཤེར་དང་ཐག་གཅོད་བྱེད་པའི་གྲོས་གཞི་7ཡོད་པ་དང་གྱོན་དོན་ཐོ་འགོད་ཀྱིས་ཐག་གཅོད་བྱེད་པའི་གྲོས་གཞི་82ཡོད་པ། གྱོན་དོན་ཐོ་འགོད་ཀྱི་གྲོས་གཞི་རིགས་དབྱེ་ལྟར་དཔལ་འབྱོར་རིགས་ཁག་དང་ཆབ་སྲིད་རིགས་ཁག17 རིག་གནས་རིགས་ཁག་4 སྤྱི་ཚོགས་རིགས་ཁག་33 སྐྱེ་ཁམས་རིགས་ཁག་9བགོས་ཡོད། 2017ལོའི་ཟླ་10པར་ཚང་མ་སྒྲུབ་ཟིན་པ་རེད།
         གྲོས་གཞི་དེ་དག་གིས་མི་དམངས་མང་ཚོགས་ཀྱི་རེ་འདུན་མཚོན་ཡོད་པ་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་དམངས་གཙོ་ལ་ནུས་ཡོད་ཀྱི་དཔྱད་གཞི་འདོན་སྤྲོད་བྱས་ཡོད་པ་དང་སྡེ་ཁག་གི་ལས་ཀ་ལ་སྐུལ་འདེད་གཏོང་བར་ཧུར་ཐག་གི་ནུས་པ་འདོན་ཡོད་པ་རེད།