གྲོས་གཞི་གལ་ཆེན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-04   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཆུས་འདི་ཉིད་བདེ་ཆེན་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་དུ་འཛུགས་སྐྲུན་བྱེད་རྒྱུ། ཨུ་ཡོན་ལིའུ་ཀུའེ་ཧྥུན་གྱིས་བདེ་ཆེན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཆུས་འདི་ཉིད་བདེ་ཆེན་ཁུལ་གྱི་སྤྲོ་གསེང་དང་ལུས་གསོ། ལྟ་སྐོར་སོགས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་བ་འཛུགས་ནས། གང་ལེགས་ཀྱིས་བདེ་ཆེན་གྱི་གཙང་གསུམ་མཉམ་བཞུར་ཁུལ་གྱི་སྐྱེ་ཁམས་ཐོན་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་ལ་བརྟེན་ནས་སྐྱེ་དངོས་ཐོན་ལས་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་མཉམ་འགུལ་འཕེལ་རྒྱས་ཀྱི་གྲོང་རྡལ་ཆུང་ངུ་འཛུགས་རྒྱུའི་བསམ་འཆར་བཏོན་པ་རེད།

        ཕྱི་ནས་ཡོང་པའི་ཉ་དེ་མཐོ་སྒང་མཚེའུ་རུ་ཚེ་ཐར་གཏོང་རྒྱུ་གཏན་འགོག་བྱས་ནས།རང་ས་གནས་ཀྱི་ཉ་རིགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱེད་རྒྱུ། ཨུ་ཡོན་ཀྲའོ་ཅུས་ཧྲེང་གིས་རང་ས་གནས་ཀྱི་བོད་རིགས་མི་དམངས་ཀྱིས་ཚེ་ཐར་གཏོང་བའི་སྲོལ་རྒྱུན་འདི་ལ་བརྩི་བཀུར་དང་། ས་གནས་རང་ལ་ཡོད་པའི་ཉ་རིགས་མི་ཉམས་པའི་ཆེད་དུ། ཕྱི་ནས་ཡོང་པའི་ཉ་དེ་མཐོ་སྒང་མཚེའུ་རུ་ཚེ་ཐར་གཏོང་རྒྱུ་གཏན་འགོག་བྱས་ནས། རང་ས་གནས་ཀྱི་ཉ་རིགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པ་རེད།
        ཨུ་དུམ་དེ་བདེ་ཆེན་གྱི་སྐྱེ་ཁམས་བདེ་སྡོད་ཀྱི་མཛེས་སྡུག་གི་གྲོང་ཚོ་འཛུགས་སྐྲུན་ལ་ཞབས་ཞུ་བྱེད་རྒྱུ། ཨུ་ཡོན་ཚུན་ཅིན་ཞང་གིས་རང་ཁུལ་གྱི་ཨུ་ཡོན་ཁག་གཅིག་དང་སྐྱེ་ཁམས་སྲུང་སྐྱོང་པས་ལོ་གང་མང་རིང་ལྟ་ཞིབ་དང་ལག་ལེན་རྟོག་ཞིབ་བྱས་པ་བརྒྱུད། ཨུ་དུམ་གྱིས་རང་ཁུལ་གྱི་ཟླ་ཆུ་དང་འབྲི་ཆུའི་སྐམ་ས་དང་རོང་ཚའི་རྒྱུད་ལ་ཁོར་ཡུག་ལེགས་བཅོས་དང་ལྗང་འགྱུར་བྱེད་པར་ཕན་འབྲས་མངོན་གསལ་ལྡན་པ་བདེན་དཔང་བྱུང་བས། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྐམ་ས་དང་རོང་ཚའི་རྒྱུད་དུ་ཞིབ་འཇུག་དང་འདེབས་འཛུགས་བྱེད་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་པ་རེད།