བདེ་ཆེན་གྱི་2018ལོའི་ཁ་བ་འབབ་ཐེངས་དང་པོའི་མཛེས་ལྗོངས།

རྩོམ་པ་པོ།   མི་གསལ།དུས་ཚོད།   2018-01-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ1པོའི་ཚེས་2ཉིན་གྱི་དགོང་མོ་ནས་ཚེས་3ཉིན། བདེ་ཆེན་ཁུལ་དུ་2018ལོའི་ཁ་བ་འབབ་ཐེངས་དང་པོ་བབས་བྱུང་།  ག་ས་གང་དུ་ཁ་བས་ཁེངས་པའི་ཡུལ་ལྗོངས་སྟོན།  ཁ་སྐད་དུ་དགུན་མི་དཀར་ན་དབྱར་མྱི་སྔོ་ཞེས་པའི་སྲོལ་ཡོད་ལ།  ཁ་བ་འབབ་ཐེངས་འདིས་སང་ལོར་ལོ་ལེགས་བྱུང་བའི་སྔ་ལྟས་ཡིན་པ་མ་ཟད། ཉེ་ལམ་གྱི་སྐམ་ཤས་ཆེ་བའི་མཁའ་རླུང་ལ་བཞའ་རློན་སྣོན་ནས་ཆམ་ཡམས་སོགས་ནད་ཡམས་སྣ་ཚོགས་སྔོན་འགོག་བྱས་པ་རེད།