སྲིད་གྲོས་ཨུ་ཡོན་གྱི་སེམས་གཏམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཟླ་12པའི་ཚེས་26ཉིན་ནས་ཚེས་29ཉིན་བར།སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་།ཨུ་ཡོན་རྣམས་ཀྱིས་ཚོ་ཆུང་བགར་ནས་མི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འདུན་ལྟར་ཐབས་འདོན་ཇུས་འབུལ་བྱས་པ་རེད།ཁོ་ཚོས་འདོན་པའི་གྲོས་གཞི་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་།དབུལ་སྒྲོལ་འགག་སྒྲོལ།སྤྱི་པའི་རིག་གནས་ལས་དོན།ཐོན་ལས་འཕེལ་རྒྱས་སོགས་སུ་ཁྱབ་ཡོད།གཤམ་དུ་ཨུ་ཡོན་རྣམས་ཀྱིས་གྲོས་གཞི་གང་དག་བཏོན་ཡོད་པར་ལྟ་རུ་འགྲོ།


    ཨུ་ཡོན་ཤར་རྩེ་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་ཉེ་བའི་ལོ་འགའི་རིང་།ཆོས་ལུགས་རིག་གནས་ཉོག་སྤྱོད་བྱེད་པའི་གནད་དོན་བྱུང་ཐེངས་མང་བ་དང་།སྤྱི་པའི་སྒྲིག་ཆས་ཁག་འགར་ཐང་ག་དང་ཆོས་ལུགས་རི་མོ་གང་བྱུང་དུ་སྤྱོད་པའི་གནད་དོན་བྱུང་ཡོད།སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་བྱེད་པར་རེ་བ་བཏོན་པ་རེད།


    ཨུ་ཡོན་ཀྲང་གོ་ཧྭ་ལགས་ཀྱིས་བདེ་ཆེན་ཁུལ་གྱིས་《བོད་ཡིག་སློབ་སྦྱོང་དང་ལག་ལེན།འཕེལ་རྒྱས་སུ་གཏོང་བའི་གཏན་འབེབས་》འདོན་སྤེལ་བྱེད་དགོས་པའི་བསམ་འཆར་བཏོན་པ་དང་།ཁོང་གིས་གལ་ཆེའི་གྲོས་གཞིར་སྐུལ་སྒྲུབ་བྱེད་དགོས་ལ།གྲོས་གཞི་སྒྲུབ་པ་བཟང་བའི་སྒྲུབ་འགན་ལས་ཁུངས་ལ་གཟེངས་བསྟོད་བྱེད་དགོས་ཞེས་བཤད་པ་རེད།


    ཨུ་ཡོན་ཏ་ཨེར་ཝུན་ལགས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོ་རྒྱུགས་སྒྱུར་བཅོས་ལ་མཐོང་ཆེན་བྱས་ནས།སློབ་གསོའི་གནད་འཁེལ་དབུལ་སྐྱོར་ལས་དོན་ལེགས་སུ་སྒྲུབ་དགོས་པའི་བསམ་འཆར་བཏོན་པ་རེད།


    ཨུ་ཡོན་ངག་དབང་བསྟན་འཛིན་ཡེ་ཤེས་ཀྱིས་སྲིད་གཞུང་གིས་ཁུལ་ནང་གི་སྨན་བཅོས་ཆ་རྐྱེན་ལེགས་བཅོས་སུ་གཏོང་རྒྱུར་རེ་བ་ཞུས་པ་མ་ཟད།སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གནད་དོན་འདིར་མཐོང་ཆེན་བྱེད་རྒྱུར་རེ་བ་ཞུས་པ་རེད།


    ཨུ་ཡོན་ཨ་ཞིན་ལགས་ཀྱིས་དངོས་མིན་རིག་གནས་ལ་སྲུང་སྐྱོང་བྱེད་པའི་གསོ་སྦྱོང་ལས་ཀ་ཐེངས་མང་སྒྲིག་འཛུགས་བྱས་ནས།དེ་བས་མང་བའི་མི་སྣས་དངོས་མིན་རིག་གནས་ལ་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པའི་ཁྲོད་ཞུགས་དགོས་པའི་བསམ་འཆར་བཏོན་པ་རེད།


    ཨུ་ཡོན་ཁྲེན་ཡོན་ལགས་ཀྱིས་ནགས་ཕག་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་བྱེད་པའི་གྲོས་གཞི་རྒྱུན་མཐུད་ཀྱིས་དོན་འཁྱོལ་བྱེད་ཐུབ་པར་རེ་བ་བཏོན་པ།


    ཨུ་ཡོན་བསོད་ནམས་དོན་གྲུབ་ལགས་ནས་སྲིད་ཁྲིམས་ལས་ཁུངས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཤོ་རྒྱག་པ་དང་།སྐྱེད་ཀ་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས།བདེ་འཇགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ།ནན་ཏན་གྱིས་སེམས་ཀྱི་ཉི་ཟླའི་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས་པའི་བསར་འཆར་བཏོན་པ་རེད།


    ཨུ་ཡོན་ཡུས་ཅིན་ཙེ་ལག་ཀྱིས་གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ཁྲོད་དུ།གནས་སྤོ་བྱེད་པའི་རྗེས་སུ་མང་ཚོགས་ཀྱི་འཚོ་བ་ལ་དེ་བས་དོ་སྣང་བྱེད་དགོས་པའི་བསམ་འཆར་བཏོན་པ།


    ཨུ་ཡོན་ཕེང་སུང་ཕིང་ལགས་ཀྱིས་བདེ་ཐང་གི་དབུལ་སྐྱོར་སྲིད་ཇུས་སློབ་གསོའི་ལས་དོན་གྱི་དྲིལ་བསྒྲགས་ལ་ཤུགས་བསྣན་ནས།རྒྱ་ཆེ་བའི་འགོ་ཁྲིད་རྣམས་ཀྱིས་གནད་འཕིགས་དབུལ་སྐྱོར་གྱི་བྱེད་ཐབས་30ཁོང་དུ་ཆུད་པར་བྱས་ནས།ཁཱ་དང་ཡིག་ཚགས་བཟོས་པའི་ཁྱིམ་དུད་ཀྱིས་དོན་དངོས་ཐོག་ཕན་པ་ལོངས་སུ་སྤྱོད་པར་འཇུག་དགོས་ཞེས་བཤད་པ་རེད།