སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་12པའི་ཚེས་27ཉིན་གྱི་སྔ་དྲོ།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་བདེ་ཆེན་ཁུལ་ཨུའི་སྙན་ཞུ་ཁང་ནས་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཚོགས་ཆེན་དུ་ཨུ་ཡོན་226ཞུགས་དགོས་པ་དང་།དངོས་སུ་188ཞུགས་ཡོད་དེ།སྲིད་གྲོས་ཀྱི་སྒྲིག་ཡིག་གཏན་འབེབས་དང་མཐུན་པ་རེད།


    ཐེངས་འདི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཏུའུ་ཡུང་ཁྲོན་དང་དབྱང་ཧྥུང་ཞི།ཤར་རྩེ་བསྟན་འཛིན་ཆོས་འཕེལ།ཀོ་ཚུང་ཞན།ཧོ་ཡུང་ཀྲུང་།ཧྲི་ཁྲོན་མིང་།ཧོའུ་ཅི་ལིན།ཉི་ཞའོ་ཏུང་།ཡུས་རུང་ཧྭ།ལི་ལིའང་བཅས་ཀྲུའུ་ཞི་སྟེབས་བུར་བཞུགས་ཡོད།

    གདན་ཞུས་ལྟར་ཚོགས་ཆེན་དུ་ཞུགས་ནས་ཀྲུའུ་ཞི་སྟེབས་བུར་བཞུགས་ཡོད་པའི་འགོ་ཁྲིད་ད་དུང་ཡུས་ཧྲེན་ཞང་དང་ཀྲང་ཝེ་ཏུང་།ཁྲ་ཀྲང་ཝང་།ལི་ཡན་ལན།བཀྲ་ཤིས་དོན་གྲུབ།དབྱང་ཙི་ཅང་།མིའོ་ཡིའུ་ཧྥ།ཕུའུ་ལུའུ་ཧྭ།ཁྲེན་ཅུན་མིང་།ཚའེ་ཝུའུ་ཁྲེན།ཁྲེན་ཕུང་།ཀྲང་ཁྲོན་ཙེ།ཀྲོའུ་དབྱིན་ཧྲུའུ།ཝང་ཁའེ་ཧྲི་དང་།ཁུལ་སྲིད་གྲོས་ཀྱི་ལས་འཁྱུར་ངལ་གསོ་བྱེད་པའི་འགོ་ཁྲིད་རྒན་པ་ཀྲུའུ་དབྱི་ཡུའེ།ཨ་ཆིན།ཞའོ་ཐུབ་བསྟན་བཅས་ཡོད།

    ཀུའུ་ཁུན་དང་ཆི་ཅན་ཞིན་སོགས་ཚོགས་ཆེན་དུ་ཞུགས་ནས་རྟེན་འབྲེལ་ཞུ་བ་དང་ཀྲུའུ་ཞི་སྟེབས་བུར་བཞུགས་ཡོད།


    ཀུའོ་ཚུང་ཞན་གྱིས་ཚོགས་ཆེན་གཙོ་སྐྱོང་གནང་བ།གྲོས་ཚོགས་ཀྱིས་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

    སྔ་དྲོའི་ཆུ་ཚོད་9པར།ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་།ཚང་མ་ཡར་ལངས་ནས་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུས་ཚོགས་རར་གྲགས་པ།

     


    ཏུའུ་ཡུང་ཁྲོན་གྱིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ཚོགས་ཆེན་ལ་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་གནང་བ།ཁོང་གིས་ལོ་གཅིག་རིང་ཁུལ་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ།མཐུན་སྒྲིལ་དང་དམངས་གཙོ་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་ནས།ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།སྲིད་གཞུང་ལ་ཞུགས་པ་དང་སྲིད་དོན་གྲོས་གླིང་བྱས་ཏེ།བདེ་ཆེན་འདི་ཉིད་བདེ་སྡོད་ལས་བརྩོན་དང་འགན་སྲུང་ནུས་ལྡན།ཁྱིམ་གཞིས་མཛེས་པ།མི་རིགས་མཐུན་སྒྲིལ།དཔལ་ཡོན་འཆམ་མཐུན་ལྡན་པའི་བོད་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་སུ་འཛུགས་པར་ལེགས་སྐྱེལ་གསར་བ་ཞིག་འབུལ་ཡོད་ཅེས་གསུངས།

    སྙན་ཞུའི་ཐོག་བསྟན་དོན།2018ལོ་ནི་ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་པའི་གནད་འགག་གི་ལོ་ཡིན་པ་རེད།ཁུལ་སྲིད་གཞུང་གི་ལས་ཀའི་སྤྱིའི་བླང་བྱ་ནི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་།འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ཐོན་པོར་སྒྲེང་སྟེ།ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་འཁྱོལ་མཐའ་འཁྱོལ་བྱེད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཁྲིད་སྟོན་དུ་བྱེད་པ།གཏིང་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་བརྟག་དཔྱད་ཕེབས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ།“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱས་པ་དང་།ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱབ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་།མཐའ་མཚམས་སྐྱོང་བར་སྔོན་དུ་བོད་བརྟན་རླིང་ཡོང་དགོས་པའི་འཐབ་ཇུས་དགོངས་པ་དོན་འཁྱོལ་མཐར་ཕྱིན་བྱས་ནས།ཁྲིམས་ལྟར་བོད་སྐྱོང་དང་།དམངས་ཕྱུག་བོད་དར།ཡུན་རིང་བོད་འཛུགས།མི་སེམས་གཅིག་སྒྲིལ།རྨང་གཞི་བརྟན་གཏོང་གི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་དང་།ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་པ་དང་ཁུལ་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པའི་འཐབ་ཇུས་བཀོད་སྒྲིག་ལྟར།ཆབ་སྲིད་དང་དོད་དང་རྨང་གཞི་སྲ་འཛུགས།སྐྱེ་ཁམས་འཛུགས་སྐྱོང་།ཐོན་ལས་སྤུས་ལེགས།དམངས་འཚོ་ཕན་བདེ།འཆམ་མཐུན་སྐུལ་འདེད།ཏང་འཛུགས་ནན་སྐྱོང་རྒྱུན་འཁྱོངས་དང་།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་དམ་དུ་བཟུང་ནས།ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལེགས་པར་སྒྲུབ་པ་དང་།མཐུན་སྤྱོར་འབྲེལ་བ་དང་།སྟོབས་ཤུགས་གཅིག་སྒྲིལ།ཐབས་འདོན་ཇུས་འབུལ།ཁྱོན་ཡོངས་ཞབས་ཞུ་བཅས་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ནས།མུ་མཐུད་དུ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ་མི་དམངས་བདེ་སྡོད་དང་འགན་ལེན་ནུས་ལྡན། ཁྱིམ་གཞི་མཛེས་ལྡན།མི་རིགས་མཐུན་སྒྲིལ།འཆམ་མཐུན་དཔལ་ཡོན་གྱི་བོད་ཁུལ་འབྱོར་འབྲིང་སྤྱི་ཚོགས་དུས་ལྟར་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན་པ་རེད། 

    སྙན་ཞུའི་ནང་སྲིད་གྲོས་སྐབས་བཅུ་གཉིས་པས་བསམ་བློ་གསར་པར་སློབ་སྦྱོང་བྱས་ནས་སྔར་ལས་ལྷག་པར་ཆབ་སྲིད་ཀྱི་སྟངས་འཛིན་བྱེད་ནུས་མཐོར་འདེགས་གཏོང་བ་དང་།   དུས་རབས་གསར་པ་དང་འཚམ་པར་བྱས་ནས་སྔར་ལས་ལྷག་པར་གྲོས་མོལ་སྲིད་གླེང་གི་ནུས་པ་མཐོར་འདེགས་གཏོང་དགོས་པ་དང་།གནས་བབ་གསར་པ་དང་མཐུན་པར་བྱས་ཏེ་སྔར་ལས་ལྷག་པར་དམངས་གཙོའི་ལྟ་སྐུལ་ནུས་པ་མཐོར་འདེགས་གཏོང་དགོས།ངོས་འཛིན་གཅིག་མཐུན་ཡོང་བ་དང་གོམ་གང་མདུན་སྤོས་ཀྱིས་མཉམ་ལས་མཉམ་སྒྲུབ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས།བླང་བྱ་གསར་པ་དོན་འཁྱོལ་བྱེད་པ་དང་སྔར་ལས་ལྷག་པར་རང་བབ་འགན་འཁྲི་སྒྲུབ་ནུས་མཐོར་འདེགས་གཏོང་དགོས་པའི་གྲོས་གཞི་བཏོན་པ་རེད།  

    གྲོས་ཚོགས་ཐོག་ཨུ་ཡོན་རྣམ་པས་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་ཏེ།  བློ་བརྟན་འགྱུར་མེད་དང་།  མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས། འགན་འཁུར་ཕོད་པའི་གཤིས་རྒྱུད། ད་དུང་དངོས་དོན་གཉེར་བའི་སྤྱོད་ཚུལ།འགན་འཁྲི་ནན་སྒྲུབ་དང་ལག་གདང་མཉམ་སྦྲེལ་གྱིས་མདུན་དུ་སྐྱོད་དེ་རང་ཁུལ་འདི་ཉིད་རྒྱལ་ཡོངས་བོད་ཁུལ་ལས་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་དུ་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།  


    གྲོས་ཚོགས་ཐོག སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངག་ལྟར།དབྱང་ཧྥེང་ཞི་ཡིས་ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་རེད།   ཁུལ་ཨུ་དང་ཁུལ་དམངས་ཆེན།  ཁུལ་སྲིད་གཞུང་། བདེ་ཆེན་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་།ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་འགན་འཁུར་བ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།


 


 


ཨུ་ཡོན་དང་ཟུར་ཞུགས་མི་སྣ།