ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་﹙རྒྱས་འཛོམས﹚་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   2017ལོའི་ཟླ་12པའི་ཚེས25ཉིན་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་﹙རྒྱས་འཛོམས﹚་གྲོས་ཚོགས་ཐེངས་བཞི་བ་སེམས་ཀྱི་ཉི་ཟླ་ནས་བསྡུས་པ་རེད།

        ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཁུལ་ཨུའི་ཨུ་ཡོན་34དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་7ཡོད།ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་འགན་ཁུར་མི་སྣས་ཚོགས་འདུར་ཟུར་ཞུགས་བྱས་པ་དང་།ཁུལ་ཏང་གི་ཚོགས་ཆེན་སྐབས་བརྒྱད་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་ཁག་གཅིག་ཀྱང་གྲོས་ཚོགས་སུ་ཟུར་ཞུགས་བྱས་པ།ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་བློ་མཐུན་ཀུའུ་ཁུན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་ལས་ཀའི་སྙན་ཞུ་བྱས་པ་མ་ཟད།2018ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་བཀོད་སྒྲིག་བྱས་པ་རེད།《ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་གཏིང་ཟབ་ཀྱིས་མི་རིགས་མཐུན་སྒྲིལ་དང་ལས་དོན་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བསམ་འཆར་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།


ཚོགས་རའི་ཡུལ་དངོས།

        གྲོས་ཚོགས་ཐོག་འདས་ཟིན་པའི་ལོ་ངོ་གཅིག་གི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀ་ལ་ཁས་ལེན་གང་ལེགས་བྱས་པ་རེད།ཚང་མས་གཅིག་མཐུན་དུ་སྙམ་དོན།2017ལོར།ཁུལ་ཨུས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས།ཀྲུང་དབྱང་དང་ཞིང་ཆེན་ཨུ།ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད།རང་འགུག་གྱིས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་དང་“ཕྱོགས་ཡོངས་བཞིའི”་འཐབ་ཇུས་བཀོད་སྒྲིག་ལག་ལེན་བྱས་པ་དང་།ཁྲིམས་ལྟར་བོད་སྐྱོང་དང་།དམངས་ཕྱུག་བོད་དར།ཡུན་རིང་བོད་འཛུགས།མི་སེམས་གཅིག་སྒྲིལ།རྨང་གཞི་སྲ་བརྟན་གྱི་ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་།རིག་གནས་ལ་བརྟེན་ནས་ཁུལ་དར་བ།ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ།འཆམ་མཐུན་ལ་བརྟེན་ནས་ཁུལ་འཛུགས་པའི་ལས་ཀའི་གཙོ་གནད་མངོན་གསལ་དང་།ཆབ་སྲིད་དང་དོད་དང་རྨང་གཞི་སྲ་འཛུགས།སྐྱེ་ཁམས་འཛུགས་སྐྱོང་།ཐོན་ལས་སྤུས་ལེགས།དམངས་འཚོ་ཕན་བདེ།འཆམ་མཐུན་སྐུལ་འདེད།ཏང་འཛུགས་ནན་སྐྱོང་གི་ལས་ཀའི་ཐབས་ལམ་འབུར་དུ་ཐོན་པར་བྱས་ནས།རྣམ་གྲངས་སོ་སོའི་ལས་དོན་ཁག་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་རེད།

        གྲོས་ཚོགས་སྟེང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་སྐབས་གསར་བ་ཞིག་ལ་སླེབས་པར་གཞི་ཚུགས་ཏེ།གཏིང་ཟབ་ཀྱི་སྒོ་ནས་བདེ་ཆེན་གྱི་རྣམ་པ་གསར་བ་དང་ལས་འགན་གསར་བར་རྒྱུས་ལོན་ཐུབ་དགོས་ལ།ང་ཚོས་ངེས་པར་དུ་རང་ཉིད་ཀྱི་ཁྲག་ཏུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲིར་ངོས་འཛིན་དང་།རང་འགུལ་གྱིས་དབུལ་སྐྱོར་ཁྲེགས་གཏོར་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་སྲུང་སྐྱོབ།སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོབ་བཅས་ཀྱི་སྒོ་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་དག་ཞིང་འདི་འཛུགས་སྐྲུན་དང་བདག་སྐྱོང་གི་འགན་འཁྲི་ཐེག་ཐུབ་དགོས་ཤིང་།གཡོལ་ཐབས་མི་བྱེད་པར་བདེ་ཆེན་གྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་བྱ་བ་དག་གཟབ་ནན་གྱིས་སྒྲུབ་སྟེ།རླབས་ཆེན་གྱི་དུས་རབས་གསར་བ་འདིར་བདེ་ཆེན་གྱི་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་པར་འབད་འབུངས་བྱེད་དགོས་པ་ནན་གྱིས་བསྟན། 


ཁུལ་ཨུའི་ཧྲུའུ་ཅི་ཀུའུ་ཁུན་གྱིས་ཁུལ་ཨུའི་རྒྱུན་ཨུའི་ཚབ་བྱས་ནས་ལས་ཀའི་སྙན་ཞུ་ཕུལ་བཞིན་པ།

        གྲོས་ཚོགས་སྟེང་།2018ལོ་ནི་ཕྱོགས་ཡོངས་ནས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་པའི་ལོ་ཐོག་མ་ཡིན་ལ།ཤིན་ཏུ་དབུལ་ཕོངས་འགག་སྒྲོལ་གཏོང་བ་དང་།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་གནད་འགག་གི་ལོ་ཡིན།ལོ་ཡོངས་ཀྱི་ལས་ཀ་ལེགས་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དགོངས་པའི་དར་ཆ་ཐོན་པོར་སྒྲེང་བ་དང་།གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་འཁྱོལ་མཐའ་འཁྱོལ་བྱེད་པ་དང་།་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ།་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ།ཁྲིམས་ལྟར་བོད་སྐྱོང་དང་།དམངས་ཕྱུག་བོད་དར།ཡུན་རིང་བོད་འཛུགས།མི་སེམས་གཅིག་སྒྲིལ།རྨང་གཞི་བརྟན་གཏོང་གི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས་བདེ་ཆེན་འདི་ཉིད་མི་དམངས་བདེ་སྡོད་དང་འགན་ལེན་ནུས་ལྡན།  ཁྱིམ་གཞི་མཛེས་ལྡན། མི་རིགས་མཐུན་སྒྲིལ།འཆམ་མཐུན་དཔལ་ཡོན་གྱི་བོད་ཁུལ་གསར་བ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་པ་རེད། 

        ཚོགས་ཆེན་གྱིས་བསྟན་དོན།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཕྱོགས་ཡོངས་ནས་“འདུ་ཤེས་བཞི་”མཐོ་རུ་གཏོང་དགོས་པ་དང་།ཕྱོགས་ཀུན་ནས་སྟོབས་ཤུགས་གོང་བུ་འགྲིལ་ནས་བློ་ཐག་ཆོད་པོས་ཤིན་ཏུ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་དེ་རྒྱལ་ཁ་ཐོབ་ཐུབ་པ་བྱེད་དགོས་པ་དང་།རྨང་གཞི་བརྟན་པོ་བཏིང་སྟེ་ཐོན་ལས་གསོ་སྐྱོང་བྱེད་དགོས་པ་དང་།ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་སྤེལ་གཏོང་དགོས།ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་དང་ལས་དོན་ཡར་ཐོན་གྱི་རྣམ་པ་གསར་པ་གཏོད་དགོས་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་ལ་ཟུག་པར་སྐུལ་འདེད་གཏོང་དགོས།སྤྱི་ཚོགས་བཅོས་སྐྱོང་ཤུགས་ཆེར་གཏོང་དགོས་པ་དང་།ལས་བྱེད་པའི་རུ་ཁག་འཛུགས་སྐྱོང་ཤུགས་ཆེར་གཏོང་དགོས་ཤིང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཤུགས་ཆེར་གཏོང་དགོས།ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་ཤུགས་ཆེར་གཏོང་སྟེ་དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་གི་ལས་གཞི་རླབས་ཆེན་སྐུལ་སྤེལ་གཏོང་དགོས།

        ཚོགས་ཆེན་གྱིས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དགོས་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་དགོས།ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་དགོས།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་དགོས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་དགོས།རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཆེད་འབད་བརྩོན་ཧུར་ལེན་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

                                               ﹙པདྨ་མཚོ་དང་རིན་ཆེན་ཚེ་རིང་།ཚེ་རིང་སྒྲོལ་མ་བཅས་ཀྱིས་བསྒྱུར།﹚