སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་རྒྱལ་ཁབ་མཁའ་འགྲུལ་འགག་སྒོའི་འཆར་འགོད་ནང་ཚུད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགའི་རིང་།ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླའི་གནམ་གྲུ་འགག་སྒོའི་སྒོ་འབྱེད་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ནས།གནམ་གྲུ་སྒོ་འབྱེད་རང་ཁུལ་གྱིས་སེམས་ཀྱི་ཉི་ཟླའི་ལྟེ་བའི་ཡུལ་སྐོར་ཁུལ་དང་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་དུ་འཛུགས་སྐྲུན་བྱས་ཏེ་ཡུན་ནན་བོད་ཁུལ་གྱི་མཆོང་བརྒལ་འཕེལ་རྒྱས་ཀྱི་གལ་ཆེའི་བྱེད་ཐབས་སུ་བརྩིས་ཏེ་ཧུར་བརྩོན་གྱིས་སྐུལ་འདེད་བཏང་བ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་མཁའ་འགྲུལ་འགག་སྒོའི་སྒོ་འབྱེད་ནི་2016ལོའི་ལོ་མཇུག་ཏུ་རྒྱལ་ཁབ་འགག་སྒོའི་འཕེལ་རྒྱས་ཀྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ནང་ཚུད་པ་དང་།འདི་ནི་ཡུན་ནན་ཞིང་ཆེན་གྱི་རྒྱལ་ཁབ་འགག་སྒོའི་འཕེལ་རྒྱས་ཀྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ནང་ཚུད་པའི་མཁའ་འགྲུལ་འགག་སྒོ་ཁོ་ན་ཡིན་པ་རེད།           

        མིག་སྔར།ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ།ཇུས་གཞིར་གཏན་འབེབས་བྱས་པའི་དུས་ཚོད་རེའུ་མིག་ལྟར་ན།མིག་སྔའི་ལས་འགན་གཙོ་བོ་ནི་གནམ་ཐང་གི་རྒྱལ་སྤྱིའི་གནམ་གྲུ་སྒུག་སའི་ཐོག་ཁང་དང་རྒྱུ་ལམ་བསྐྱར་སྐྲུན་རྒྱས་སྐྲུན།མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱི་བཅའ་སྡོད།འགྲུལ་ཁུངས་རྩ་འཛུགས།མཁའ་ལམ་གཏན་འཁེལ་སོགས་ལེགས་འགྲུབ་བྱུང་རྒྱུ་དེ་ཡིན།2018ལོར་གནས་སྐབས་སྒོ་འབྱེད་བོགས་བླངས་གནམ་གྲུའི་ཚོད་འཕུར་བརྩོན་ལེན་བྱེད་རྒྱུ་ཡིན་ལ།ཇེ་མགྱོགས་ཀྱིས་མཁའ་འགྲུལ་འགག་སྒོ་སྒོ་འབྱེད་བྱེད་རྒྱུ་རེད།