༄༅།།བོད་ལྗོངས་ཀྱིས་གནམ་དཔྱད་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་དང་པོ་བཙུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-12-21   རྩོམ་ཁུངས།    མི་དམངས་དྲ་བ།

        བོད་ལྗོངས་ཀྱི་གནམ་དཔྱད་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་དང་པོ་སྟེ། ལྷ་སའི་གནམ་དཔྱད་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་ཉིན་ཤས་གོང་དངོས་སུ་ལས་འགོ་ཚུགས་ཏེ་སང་ལོའི་ཟླ་8པར་འཁོར་རྒྱུག་བྱ་རྩིས་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་གནམ་དཔྱད་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་ལྷ་ས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་1.69གཏོང་རྩིས་ཡོད་པ་དང་། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་7692དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.4ཟིན་ཡོད། 
     “གནམ་དཔྱད་ཚན་རིག་ཁྱབ་གདལ་སློབ་གསོ་ནི་གནམ་དཔྱད་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆ་ཤས་ཤིག་ཡིན”ཞེས་རྣམ་གྲངས་ཀྱི་ཁྲིམས་མི་ཀྲང་པའོ་ཀྲུའུ་ཡིས“ལྷ་སའི་གནམ་དཔྱད་ཚན་རིག་ཁྱབ་གདལ་ཉམས་ལེན་ཁང་འདི་ཉིད་སྤྱི་དམངས་ཀྱིས་གནམ་དཔྱད་ཀྱི་ཤེས་བྱ་ཤེས་རྟོགས་བྱེད་པའི་འདྲེན་རྟེན་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་དང་། སྤྱོད་འགོ་ཚུགས་རྗེས་སྔོན་རྩིས་བྱས་ན་ལོར་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ལོའི་ཡོང་འབབ་ཁྲི་3000ལྷག་ཙམ་ཟིན་རྒྱུ་རེད”ཅེས་བཤད།