སྐབས་གསུམ་པའི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་འཁྱགས་ཆང་རིག་གནས་དུས་ཆེན་འབའ་ལུང་རྫོང་དུ་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་12པའི་ཚེས་16ཉིན།བློ་རིག་མཉམ་འདྲེས་དང་ཚོང་དོན་མཉམ་གྲོས་བྱེད་པ།གསར་གཏོད་གསར་ལས་བྱས་ཏེ།ཀྲུང་གོའི་འཁྱགས་ཆང་གྲོང་ཞིག་འཛུགས་སྐྲུན་བྱེད་པ་དང་།འཁྱགས་ཆང་གི་འཇིག་རྟེན་གསར་པ་ལ་གསར་གཏོད་བྱེད་པ་བརྗོད་བྱ་གཙོ་བོར་གྱུར་ནས།ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་།ཀྲུང་གོའི་བཟའ་ཆས་བཟོ་ལས་མཐུན་ཚོགས་ཀྱི་རྒུན་ཆང་སིལ་ཆང་གི་ཆེད་ལས་མཁས་པའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་།ཁུལ་ཞིང་འབྲོག་ཅུས་དང་ཁུལ་སྐྱེ་དངོས་གསར་གཏོད་གཞུང་ལས་ཁང་གིས་རོགས་སྒྲུབ་བྱས་པ།འབའ་ལུང་རྫོང་མི་དམངས་སྲིད་གཞུང་དང་ཡུན་ནན་བོད་ཡུལ་ཐན་ཞང་ཆང་ལས་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་ལེན་བྱས་པའི་2017སྐབས་གསུམ་པའི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་འཁྱགས་ཆང་རིག་གནས་དུས་ཆེན་འབའ་ལུང་རྫོང་དུ་བསྡུས་པ་རེད།


ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲུང་ཡིག་ཆེན་མོ་དབྱང་ཙི་ཅང་གིས་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྒུན་འབྲུམ་དང་རྒུན་ཆང་ལས་རིགས་ཀྱི་མཐུན་ཚོགས་ལ་སྒོ་བྱང་གནང་བ།

        ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲུང་ཡིག་ཆེན་མོ་དབྱང་ཙི་ཅང་གིས་2017སྐབས་གསུམ་པའི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་འཁྱགས་ཆང་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་།བདེ་ཆེན་སེམས་ཀྱི་ཉི་ཟླའི་རྒུན་འབྲུམ་དང་རྒུན་ཆང་ལས་རིགས་ཀྱི་མཐུན་ཚོགས་ལ་སྒོ་བྱང་གནང་བ།ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་དཔོན་གཞོན་པ་ཚན་ཝུའུ་ཁྲེང་གིས་གསངས་བཤད་གནང་བ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཁྲོན་མིང་འགོ་ཚོགས་མཛད་སྒོར་ཞུགས་པ།ཀྲུང་གོའི་ཞིང་ལས་སློབ་ཆེན་དང་རྒྱལ་ཁབ་རྒུན་འབྲུམ་ཐོན་ལས་ལག་རྩལ་མ་ལག།ཀྲུང་གོའི་བཟའ་ཆས་བཟོ་ལས་མཐུན་ཚོགས་ཀྱི་སིལ་ཆང་རྒུན་ཆང་གི་ཆེད་ལས་མཁས་པའི་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱི་འགན་འཁུར་བ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

        ཉིན་དེའི་ཞོགས་པར།རྒྱལ་ཁབ་སྤྱི་ནང་གི་མགྲོན་པོ་དང་ཆེད་ལས་མཁས་པས་ཡུན་ནན་ཐན་ཞང་ཆང་ལས་ཚད་ཡོད་ཀུང་སིའི་འཕགས་པ་ལྷ་གཞིས་ཀར་རྒུན་འབྲུམ་འཐོག་པ་དང་འཁྱགས་ཆང་སྙོལ་བར་ཉམས་ལེན་བྱས་པ་རེད།





        ཕྱི་དྲོར།སྐབས་གསུམ་པའི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་འཁྱགས་ཆང་མཐོ་རིམ་གླེང་སྟེགས་འཚོགས་ནས།དེར་ཞུགས་པའི་ཆེད་ལས་མཁས་པ་རྣམས་ཀྱིས་བདེ་ཆེན་གྱི་རྒུན་འབྲུམ་དང་རྒུན་ཆང་ལས་རིགས་ཀྱི་འཕེལ་རྒྱས་མདུན་ལམ་ལ་དམིགས་ཏེ་དབྱེ་ཞིབ་དང་གཏམ་བཤད་བྱས་པ་དང་།འབའ་ལུང་རྫོང་གི་འཁྱགས་ཆང་ཐོན་ལས་ལྡུམ་ཁུལ་དང་འཇོལ་རྫོང་རྒུན་འབྲུམ་ལྡུམ་ཁུལ་གྱི་དོ་དམ་ཨུ་ལྷན་གྱིས་ཚོང་དང་མ་རྩ་འདྲེན་འགུགས་བྱེད་པའི་རྣམ་གྲངས་ཁྱབ་སྤེལ་བཏང་བ།



རྒུན་འབྲུམ་གྱི་ཁུ་བ་བཙིར་པ།

གསར་དུ་བཙིར་པའི་རྒུན་འབྲུམ་གྱི་ཁུ་བའི་བྲོ་བ་མྱོང་བ།

        ཕྲེང་བསྟར་གྱི་བྱེད་སྒོས་ཕྱོགས་ཡོངས་ནས་ཉེ་བའི་ལོ་འགའི་རིང་ལ་རང་ཁུལ་འཁྱགས་ཆང་ཐོན་ལས་ཀྱི་འཕེལ་རྒྱལ་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་།བདེ་ཆེན་གྱི་འཁྱགས་ཆང་ཐོན་ལས་ཀྱི་འཕེལ་རྒྱས་གོ་སྐབས་ལ་གྲོས་གླེང་བྱས་པ་རེད།   



             ཤེས་གསལ་བྱུང་དོན།འབའ་ལུང་རྫོང་ནི་མིག་སྔར་གོ་ལ་ཧྲིལ་པོས་ཁས་ལེན་པའི་འཁྱགས་ཆང་ཐོན་ཁུལ་ཆེན་པོ་གསུམ་ནང་གི་འཕྲེད་ཚད་དམའ་ཤོས་དང་ས་བབ་མཐོ་ཤོས།ཕྱོགས་བསྡུས་ཀྱི་རང་བྱུང་ཆ་རྐྱེན་ཆེས་ལེགས་པ།གསར་གཏོད་བྱེད་ཆོག་པའི་ཐོན་ཁུངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ལྡན་པའི་འཁྱགས་ཆང་ཐོན་ཁུལ་ཡིན།2016ལོར་ཀྲུང་གོའི་བཟའ་ཆས་བཟོ་ལས་མཐུན་ཚོགས་ཀྱིས་ཀྲུང་གོའི་རྒུན་འབྲུམ་འཁྱགས་ཆང་གྲོང་མཁར་གྱི་མཚན་རྟགས་ཐོབ་པ་རེད།