བདེ་ཆེན་ཁུལ་རིག་རྩལ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་རུ་ཁག་གིས་ཐང་སྟེང་ཤང་ནས་རིག་རྩལ་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2017-12-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 

ཟླ་12པའི་ཚེས་13ཉིན་བདེ་ཆེན་ཁུལ་རིག་རྩལ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་རུ་ཁག་འཇོལ་རྫོང་ཐང་སྟེང་ཤང་ཐང་སྟེང་གྲོང་ཚོར་སོང་ནས་་རིག་རྩལ་གྱི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་བརྒྱུད་མི་རིགས་དང་་ཁྲིམས་སྐྱོང་གི་ཁྱད་ཆོས་ལྡན་པའི་གླུ་གར་་འཁྲབ་སྟོན་བྱས་ནས། ས་གནས་དེ་གའི་མང་ཚོགས་ལ་འཁྲུག་ཆ་དོད་པོ་ཞིག་གླུ་གར་འཁྲབ་སྟོན་གྱ་ནོམ་པ་ཞིག་ཕུལ་ཡོད།   བྱེད་སྒོའི་ཐོག་ད་དུང་《 ཡུན་ནན་ཞིང་ཆེན་གྱི་གྲོང་མི་( སྡོད་དམངས་) བཅའ་ཁྲིམས་ཤེས་བྱའི་ཀློག་དེབ་》 །དང་།  《  ཞིང་འབྲོག་མང་ཚོགས་ཀྱི་རྒྱུན་སྤྱོད་བཅའ་ཁྲིམས་དྲིལ་བསྒྲགས་ལག་དེབ་》 སོགས་དྲིལ་བསྒྲགས་དཔྱད་ཡིག་1500ཙམ་སྤྲད་ཡོད།