དགུན་དུས་ཀྱི་མཚོ་སྔོན་ཁུ་ཁུ་ཤིས་རིའི་མཛེས་ལྗོངས་ལྟ་ན་སྡུག་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-11   རྩོམ་ཁུངས།    མི་དམངས་དྲ་བ།

        མཚོ་སྔོན་གྱི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དགུན་དུས་མཛེས་ལྗོངས་ནི་མི་རྣམས་ཡིད་དབང་འཕྲོག་དགོས་པ་ཞིག་ཡོད་ཅིང་།འདི་ནི་རྐྱང་གིས་རྩྭ་ཆུར་ཅི་དགར་རོལ་བཞིན་ཡོད་པ།         

  


        

        མཚོ་སྔོན་གྱི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ནུབ་རྒྱུད་དུ་ཆགས་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་450ཟིན་གྱི་ཡོད།དེ་ནི་དུས་རབས་21པའི་དུས་འགོའི་འཛམ་གླིང་ཐོག་གི་གདོད་མའི་སྣོད་བཅུད་ཁོར་ཡུག་ཉར་ཚགས་ཅུང་ལེགས་པོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ། ཀྲུང་གོས་བསྐྲུན་པའི་རྒྱ་ཁྱོན་ཆེ་ཤོས་དང་།ས་བབ་མཐོ་ཤོས།བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་འབེལ་ཤོས་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲས་ཤིག་ཀྱང་རེད། མཚོ་སྔོན་གྱི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལས་འགན་གཙོ་བོ་ནི་གཙོད་དང་། འབྲོང་། རྐྱང་། དགོ་བ་སོགས་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་དང་དེ་བཞིན་སྲོག་ཆགས་འཚོ་གནས་བྱེད་སའི་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་ཡིན།