དབྱང་ཉིང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་ཞིབ་དཔྱད་གནང་སྐབས་ནན་བཤད་གནང་དོན། གནད་འཁེལ་ལ་ཤུགས་ཆེན་བརྒྱབ་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་དངོས་སུ་འགྲུབ་པར་ཁག་ཐེག་བྱེད་དགོས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་6ཉིན་ནས་ཚེས་7ཉིན་བར།ཡུན་ནན་ཞིང་ཨུའི་རྒྱུན་ཨུ།ཞིང་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་དབྱང་ཉིང་གིས་ཞིང་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཚན་ཡུང་དང་།ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་གོ་པའོ་སོགས་སྣེ་ཁྲིད་བྱས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཟབ་ཞུགས་བྱས་པ་དང་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་ཞིབ་འཇུག་བརྟག་དཔྱད་གནང་བ་རེད།དབྱང་ཉིང་གིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པར་ངོས་འཛིན་མཐོ་རུ་གཏོང་བ་དང་གཏིང་ཟབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ་དང་།ཉེན་ཁའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་མཐོ་རུ་གཏོང་བ།གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།ནན་ཏན་གྱིས་གནད་འཁེལ་ཐོག་ཤུགས་རྒྱག་སྟེ།ཕྱོགས་ཡོངས་ནས་ཤིན་ཏུ་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀ་རྒྱུན་འཁྱོངས་བྱེད་དེ་2020ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་དངོས་སུ་འགྲུབ་པར་ཁག་ཐེག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་སོགས་རང་ཁུལ་གྱི་འགོ་ཁྲིད་ཀྱིས་ལྷན་དུ་ཞིབ་འཇུག་བརྟག་དཔྱད་གནང་བ་རེད།

    ཚེས་6ཉིན།ཞིང་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་འབྲེལ་གཏུག་ས་ཚིགས་སྟག་མཆོང་གྲོག་རོང་གྲོང་རྡལ་ཁྲང་ཧྲེན་གྲོང་སྡེར་ཞིབ་འཇུག་བརྟག་དཔྱད་གནང་སྐབས།དབྱང་ཉིང་དང་བཅས་པས་དབུལ་སྐྱོར་གྱི་ཡིག་ཚགས་དཔྱད་གཞི་ལ་ཀློག་བཤེར་བྱས་པ་དང་།གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་རུ་ཁག་དང་གྲོང་ཚོའི་ལས་བྱེད་པ།མང་ཚོགས་དང་བཞུགས་མོལ་བྱས་ནས།ཕྱོགས་ཡོངས་ཀྱིས་ཁྲང་ཧྲིན་གྲོང་སྡེའི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་གནས་ཚུལ་རྒྱུས་ལོན་བྱས་པ།དབྱང་ཉིང་གིས་ནན་བཤད་གནང་དོན།ཐོག་མཐའ་བར་གསུམ་དུ་ཐོན་ལས་རོགས་སྐྱོར་རྒྱུན་འཁྱོངས་བྱེད་པ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ནང་ངོས་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཤིང་།དོན་དངོས་ལ་བརྟེན་ནས་ཧུར་ཐག་གིས་ཀུང་སི་+མཉམ་ལས་ཁང་+ཞིང་དུད་+གནས་གཞི་ཡི་འཕེལ་རྒྱས་རྣམ་པ་སྤྱད་དེ།ཁྱད་ཡོན་ཐོན་ཁུངས་འཕེལ་རྒྱས་གཏོང་དགོས།སྣེ་ཁྲིད་ཁེ་ལས་ལ་བརྟེན་ནས་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་མངོན་གསལ་བྱུང་དགོས་ཤིང་།དོ་དམ་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་།ཐོན་ལས་མཉམ་ལས་ཀྱི་དངུལ་རྩ་ནུས་པ་མཐོ་པོས་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་སྟེ།ནན་ཏན་གྱིས་དབུལ་སྒྲོལ་ལ་རྨང་གཞི་བརྟན་པོ་གཏིང་དགོས།

    དབྱང་ཉིང་དང་བཅས་པས་དབུལ་ཕོངས་ཁྱིམ་དུད་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱས་པ་དང་།ཁྱིམ་ཚང་ལ་དབུལ་ཕོངས་བྱུང་བའི་རྒྱུ་མཚན་དང་འཕེལ་རྒྱས་ད་ཚུལ་འདྲི་རྟོག་བྱས།དབྱང་ཉིང་གིས་ས་གནས་ཀྱི་ཏང་ཨུ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་ན་ཚ་ཕོད་ནས་དབུལ་ཕོངས་སུ་གྱུར་བའི་ཁྱིམ་དུད་ལ་དམིགས་ཏེ།ཁ་གཏད་རོགས་སྐྱོར་གྱི་ཁྱད་ཡོད་སྤྱད་དེ།ཧྲང་ཧའེ་སོགས་ས་ཁུལ་གྱི་ཆེད་ལས་མཁས་པས་བདེ་ཆེན་དུ་སྨན་བཅོས་བྱེད་པར་གདན་འདྲེན་བྱེད་དགོས་པའི་བླང་བྱ་བཏོན།

    ཚེས་7ཉིན་གྱི་སྔ་དྲོར།དབྱང་ཉིང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་།སྟག་མཆོང་གྲོག་རོང་གྲོང་རྡལ།ཁྲང་ཧྲེན་གྲོང་སྡེའི་འགོ་འཁྲི་ལས་བྱེད་པ་དང་ཇི་ལྟར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལས་ཀ་ལ་སྐུལ་འདེད་གཏོང་བའི་སྐོར་ལ་བཞུགས་མོལ་བྱས་པ་དང་།བདེ་ཆེན་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དོན་དངོས་ལ་གཞིགས་ནས།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།

    དབྱང་ཉིང་གིས་སེམས་ཀྱི་ཉི་ཟླ་ནི་ཤིན་ཏུ་དབུལ་ཕོགས་ས་ཁུལ་གྲས་ཤིག་ཡིན་པས།2020ལོར་མི་15936གི་དབུལ་སྒྲོལ་ལས་འགན་ལེགས་འགྲུབ་བྱུང་དགོས་པ་དང་།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་དགོས།དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཁྲོད་དུ་ཤང་གྲོང་གི་དར་སྤེལ་འཐབ་ཇུས་ཡག་པོ་འགོད་དགོས་པའི་ནན་བཤད་གནང་བ་རེད།

    དབྱང་ཉིང་གིས་བསྟན་དོན།རིམ་པ་ཁག་དང་སྡེ་ཁག་སོ་སོས་གཅིག་ནས་དབུལ་སྐྱོར་བྱེད་པའི་གོམ་སྟབས་དང་དུས་ཚོད་ཁོང་དུ་ཆུད་པ་དང་།གཉིས་ནས་ཐོན་ལས་ཀྱི་འཕེལ་རྒྱས་ནི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་བརྩིས་ནས་ཡག་པོ་སྒྲུབ་དགོས།གསུམ་ནས་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།བཞི་ནས་དངོས་གནས་ཀྱིས་གནད་འཁེལ་དབུལ་སྐྱོར་བྱེད་དགོས།ལྔ་ནས་དབུལ་སྐྱོར་ལས་བྱེད་པའི་བསམ་པའི་འདུ་ཤེས་མཐོ་རུ་གཏོང་དགོས།