ཁུལ་སྲིད་གཞུང་གིས་ཐེངས་བཅུ་གཉིས་པའི་རྒྱུན་དོན་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།   ཁུལ་སྲིད་གཞུང་གིས་ཐེངས་བཅུ་གཉིས་པའི་རྒྱུན་དོན་གྲོས་ཚོགས་འཚོགས་པ།  ཡིག་བསྒྱུར།       དུས་ཚོད།   2017-12-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཆི་ཅན་ཞིན་གྱིས་གཙོ་སྐྱོང་གནང་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་5ཉིན། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་སྲིད་གཞུང་གིས་ཐེངས་བཅུ་གཉིས་པའི་རྒྱུན་དོན་གྲོས་ཚོགས་འཚོགས་པ་རེད།

      ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ།

      གྲོས་ཚོགས་ཀྱིས་རང་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་ལས་ཀ་དང་སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྲ་སྒྲིག་བྱེད་པའི་འབྲེལ་ཡོད་ལས་ཀ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་།2018ལོའི་ཁུལ་ཡོངས་ཀྱི་སྤྱི་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་མཐོ་རུ་སྤར་བའི་དམིགས་འབེན་གྱི་གྲོས་གཞི་དང་ཇུས་གཞི།སྲིད་དོན་ཞབས་འདེགས་ལྟེ་གནས་ཀྱི་བཅའ་སྡོད་ཇུས་གཞི་སོགས་ཞིབ་འཇུག་དང་གྲོས་གླིང་བྱས་པ།བདེ་ཆེན་ཁུལ་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་།འབྲེལ་ཡོད་སྡེ་ཁག་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགན་འཁྲི་གཏན་འབེབས་(ཚོད་སྤྱོད་)དང་།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་འཆར་གཞི་དང་ལག་བསྟར་ཇུས་གཞི་(2017ལོ་ནས་2020ལོའི་བར་ )དང་།བདེ་ཆེན་ཁུལ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དམིགས་ལེགས་སྒྲིག་བྱ་སྤྱོད་ཀྱི་སྤྱི་ཁོག་ཇུས་གཞི་སོགས་གྲོས་གཞི་བྱས་ནས་གྲོས་འཆམ་བྱུང་བ།