དགུན་སྟོད་ཀྱི་འདབ་པའི་ཡུལ་གྲུ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-07   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    སི་ཁྲོན་ཞིང་ཆེན་འདབ་པ་རྫོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ལྷོ་ཕྱོགས་སུ་གནས་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་7323ཟིན་ཡོད་ལ་རང་བྱུང་མཛེས་ལྗོངས་དང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་།ཉི་སྟེང་ལྟེ་བར་བྱས་པའི་འདབ་པའི་ཤམ་བྷ་ལ་སྣོད་བཅུད་ཡུལ་སྐོར་ཁུལ་དུ་གངས་རི་དང་།འཁྱགས་རོམ།མཚེའུ།རྩྭ་ཐང་སོགས་ཀྱི་ཡུལ་ལྗོངས་ལྟ་ན་སྡུག་པ་མང་པོ་ཡོད།ཉེ་བའི་ལོ་ཤས་རིང་།འདབ་པ་རྫོང་གིས་སྣོད་བཅུད་ཡུལ་སྐོར་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་2016ལོར་རྫོང་དེ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་145ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་14བྱུང་ཡོད་ཅིང་།འདི་ནི་ཞོགས་པའི་ཉི་འོད་ཁྲོད་ཀྱི་འདབ་པ་རྫོང་གི་གནས་རི་དང་མཚོ་མགོ་དགོན་ཡིན་པ།