འབའ་ལྷག་དཀར་རྫོང་གྲོག་རོང་ཆེན་མོའི་ལྗོངས་ཁུལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 

        འབའ་ལྷག་དཀར་རྗོང་གྲོག་རོང་ཆེན་མོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས་ན་ཡོད་ལ། གྲོག་རོང་གི་ཕུག་ན་སྡེ་བ་ཞིག་ཡོད་དེ། དེའི་མིང་ལ་འབའ་ལྷག་སྡེ་བ་ཟེར། སྡེ་བའི་རྒྱབ་རི་སྟེ་བཀྲོང་ངར་འགྱིང་བའི་གངས་རི་ཞིག་ཡོད་པ་ལ་གཉན་ཆེན་འབའ་ལྷག་དཀར་རྫོང་ཞེས་འབོད།

        གནས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5545ཡོད་དེ། ཡུལ་ལུང་འདིའི་ཆེས་མཐོ་བའི་རི་བོ་ཡིན། གྲོག་རོང་དུ་ལྷུང་ལྷུང་ངང་འབབ་བཞིན་པའི་ཆུ་བོ་འདི་ཆུ་ལག་བཅུ་ལྷག་ལས་གྲུབ་ཅིང་། གྲོག་རོང་བརྒྱུད་ནས་མཐར་འབྲི་ཆུར་བབས་བཞིན་ཡོད། གྲོག་རོང་གི་སྤྱིའི་རིང་ཚད་ལ་སྟོང་སྨི་110ཡོད་ལ། བཞུར་བའི་རྒྱུ་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ་2664ཟིན་ཡོད། གྲོག་རོང་གི་ཆེས་དོག་སར་སྨི་2་མི་ཟིན་ལ། ཆེས་ཡངས་ས་ལ་ཡང་སྨི་50་ལས་མེད་པ་རེད། 

        ད་སྔ་གྲོག་རོང་འདིའི་ཕུག་ཏུ་བསླེབས་ཟིན་པའི་མི་ཧ་ཅང་ཉུང་བས་གནས་ཚུལ་མང་བོ་ཞིག་ད་རུང་གསང་བ་ཞིག་ཏུ་སྣང་། གནས་འདི་ན་བརྗིད་ཆགས་ཀྱི་གངས་རི་དང་ལྗང་མདོག་གི་སྤང་རི། ཚང་ཚང་གི་གདོད་མའི་ནགས་ཚལ། དྭངས་གཙང་གི་ཆུ་བོ་བཅས་ཡོད་དེ། རི་མོ་བ་ཞིག་གི་སྨྱུག་ཁ་ནས་ཐོན་པ་དང་གཉིས་སུ་མ་མཆིས། དེ་མིན་2010ལོར་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་འདི་རྒྱལ་ཁབ་ཀྱི་5Aརིམ་པའི་ལྗོངས་ཁུལ་ནང་འདེམས་ཐོན་བྱུང་བ་རེད།