རང་ཁུལ་གྱི་བསོད་ནམས་གཡང་འཛོམས་ནི་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཞིང་རྩལ་པའི་མིང་ཐོར་འདོན་ཐོབ་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-04   རྩོམ་ཁུངས།    སེམས་ཀྱིི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཡུན་ནན་ཞིང་ལས་ཐིང་ནས་ཤེས་གསལ་བྱུང་དོན།ཉེ་སྔོན།ཞིང་ལས་པུའུ་ཡིས་བདམས་ཐོན་བྱུང་བའི་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་ཞིང་ལས་ལག་རྩལ་པ་100ཡི་ནང་།ཡུན་ནན་ཞིང་ཆེན་གྱི་མི་7བདམས་ཐོན་བྱུང་བ་དང་མི་4ཆེས་ནི་མཛེས་པའི་ཞིང་ལས་ལག་རྩལ་པའི་མིང་ཐོར་འདོན་ཐོབ་པ་རེད།འཇོལ་རྫོང་ཐང་སྟེང་ཤང་ཞིང་ལས་ལག་རྩལ་ཁྱབ་སྤེལ་ས་ཚིགས་ཀྱི་ཞིང་རྩལ་པ་བསོད་ནམས་གཡང་འཛོམས་ནི་ཆེས་མཛེས་པའི་ཞིང་རྩལ་པའི་མིང་ཐོར་འདོན་ཐོབ་པ་རེད།

    ཉེ་བའི་ལོ་འགའ་རིང་།ཡུན་ནན་ཞིང་ཆེན་གྱི་རྫོང་དང་ཤང་གི་ཞིང་རྩལ་པ་འབོར་ཆེན་ཞིག་གིས་ཧུར་ཐག་ངང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་སུ་ཟབ་ཞུགས་བྱས་ནས།ཚོད་ལྟའི་དཔེ་སྟོན་གནས་གཞི་བཙུགས་པ་དང་ཚན་རྩལ་དཔེ་སྟོན་གྲོང་སྡེ་གསར་འཛུགས་བྱས་པ།ཚན་རྩལ་དཔེ་སྟོན་དུད་ཚང་གསོ་སྐྱོང་བྱས་པ་དང་ཧུར་ཐག་གིས་ཤེས་བྱ་གསོ་སྦྱོང་དུ་ཞུགས་ནས།ཞབས་འདེགས་ནུས་ཤུགས་དང་ཆུ་ཚད་མཐོ་རུ་གཏོང་བ་རེད།མིག་སྔར།ཞིང་རྩལ་ཁྱབ་སྤེལ་གྱི་གྲུབ་འབྲས་ནི་རྒྱལ་ཡོངས་ཀྱི་ལེགས་གྲས་སུ་སླེབས་ཡོད་པ་རེད།