ཡང་ཐང་ཡུལ་མིས་ཀྱི་ལྕེ་འཚོལ་བསྡུ་བྱེད་བཞིན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-12-04   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཧོ་ཕིན་གྲོང་སྡེའི་ཀྲུང་ཧའོ་རི་སྐྱེས་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཚད་ཡོད་ཀུང་སིའི་སྨན་རྫས་ཞིང་ཁར་བོད་རིགས་མང་ཚོགས་འགའ་ཡིས་ཀྱི་ལྕེ་འཚོལ་བསྡུ་བྱེད་པར་བྲེལ་བ་དང་འགའ་ཤས་ཀྱིས་འདེབས་འཛུགས་བྱེད་པར་བྲེལ་བ།འགའ་ཤས་ཀྱིས་ཀྲུང་ཧའོ་རི་སྐྱེས་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཚད་ཡོད་ཀུང་སིར་ལས་སྣོན་བྱེད་པར་ཡང་བྲེལ་ནས།གང་སར་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན་ཡོད།


        ཤེས་གསལ་བྱུང་དོན།ཀུང་སིས་ཀུང་སི+གནས་གཞི+ཞིང་དུད་ཀྱི་རྣམ་པའི་སྒོ་ནས།མཐོ་སྒང་ཐང་ཁུལ་གྱི་ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ལས་གསོ་སྐྱོང་བྱས་པ་མ་ཟད།ད་དུང་ཞིང་དུད་དང་ཕྱིར་བསྡུ་གན་རྒྱ་འཇོག་ཡོད།2016ལོའི་བར།ཀུང་སིའི་ལོ་རེའི་བཙོང་འབོར་སྒོར་ཁྲི་200ལས་བརྒལ་བ།ཀུང་སིའི་ལས་བྱེད་མི་སྣའི་དུད་ཚང་རེའི་ལོ་རེའི་ཡོང་འབབ་སྒོར་17000ཟིན་པ་རེད།(དབྱངས་ཅན་ལྷ་མོས་པར་བླངས།)