མྱི་ཟུར་ཀླུ་རྒྱལ་དཀྱིལ་འཁོར་རྦབ་ཆུའི་མཛེས་ལྗོངས།

རྩོམ་པ་པོ།   མི་གསལ།དུས་ཚོད།   2017-11-29   རྩོམ་ཁུངས།    བདེ་ཆེན་ཉིན་རེའི་ཚགས་པར།




        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལུའོ་ཅི་ཤང་མྱི་ཟུར་གྲོང་ཚོར་ཡོད་པའི་ཀླུ་རྒྱལ་དཀྱིལ་འཁོར་རྦབ་ཆུའི་མཛེས་ལྗོངས་ནི་རི་མོ་དང་འདྲ་ཞིང་།དེར་སླེབས་ན་མིང་མི་ཐོགས་པའི་བྱིའུ་རིགས་ཀྱི་འགས་སྐད་སྙན་མོ་ཐོས་ཐོབ་པས།ཡུལ་སྐོར་བ་རྣམས་ཀྱིས་དེར་རོལ་རྩེད་བྱེད་པར་ཡོང་དགའ་བ་རེད།





        མྱི་ཟུར་ཡུལ་གྱི་རང་བྱུང་ཁོར་ཡུག་ནི་དངོས་ནས་སུ་ཞིག་གིས་བཀོད་སྒྲིག་ལྟར་བཞེངས་སྐྲུན་བྱས་པ་དང་ཀུན་ནས་མཚུངས་ཤིང་།ནགས་རིའི་རྩེ་ལ་ཁ་བས་གཡོགས་པས་ལྷ་ཡུལ་ཁམས་ནི་འདི་ལྟ་བུ་ཞིག་མིན་ན་ཅི་ཡིན་སྙམ་པའི་བློ་ཡང་ཅིག་ཅར་ཏུ་སྐྱེས་ཡོང་།ཡུལ་འདི་ན་གཞན་ད་དུང་མྱི་ཟུར་ཆུ་བོ་དང་། ཀླུ་རྒྱལ་དཀྱིལ་འཁོར་རྦབ་ཆུ།འཕགས་མོ་གནས།  ཁྱོན་ཡངས་པའི་འབྲོག་སའི་ཕྱུགས་ར་ཡང་མང་པོ་ཡོད་པས་ནང་ལོགས་ནས་ཕེབས་པའི་གནས་སྐོར་བ་ཡང་རྒྱུན་མ་ཆད་པར་ཐོན་གྱི་ཡོད། 




      མྱི་ཟུར་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད་ཅིང་།གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་གི་རི་དམར་ཡུག་སྦྲེལ་ས་ཁུལ་གྱི་དཀྱིལ་སྙིང་དུ་གནས་ཡོད།   སྐྱེ་ཁམས་ལྗོངས་རྒྱུའི་མདུན་ལྗོངས་ཤིན་ཏུ་ཡངས་པས་འཛམ་གླིང་སྐྱེ་ཁམས་ཀྱི་གྲོང་ཚོ་དང་པོ་ཞེས་པའི་མིང་ཐོགས་ཡོད།