དྲག་ཆས་ཉེན་རྟོག་ཡུན་ནན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཝང་ཧུང་པིང་ཧྲའོ་ཅང་བདེ་ཆེན་དུ་བརྟག་ཞིབ་ལ་ཕེབས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།དྲག་ཆས་ཉེན་རྟོག་ཡུན་ནན་སྤྱི་ཁྱབ་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཝང་ཧུང་པིང་ཧྲའོ་ཅང་བདེ་ཆེན་དུ་གནད་སྨིན་དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་སྐབས།དེང་སྐབས་དང་ཡུན་རིང་ཟུང་འབྲེལ་དང་།གཞན་བརྟེན་དང་རང་བརྟེན་གལ་ཆེ་མཉམ་བརྩི།དབུལ་སྐྱོར་དང་བློ་སྐྱོར་དུས་མཉམ།ཡོང་འབབ་དང་བློ་གྲོས་གཉིས་འཛོམ་གྱི་དབུལ་སྐྱོར་རྩ་དོན་རྒྱུན་འཁྱོངས་གང་ལེགས་བྱས་ཏེ།དབུལ་སྐྱོར་གནད་སྨིན་གྱི་བླང་བྱ་དམིགས་སུ་བཟུང་ནས་ཤུགས་འདོན་དང་།གཙོ་རྒོལ་ཁ་ཕྱོགས་ལ་དམ་པོར་དམིགས་ནས་ཤུགས་འདོན་པ།ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་ལ་ཤུགས་འདོན་བྱས་ནས།བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས།དམག་ཡོངས་ཀྱི་མཚམས་ཚིགས་རྗེས་སྙེག་སྟེ་མང་ཚོགས་ལ་སྔ་ཙམ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཏུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།