ཞང་ཀང་གི་གནའ་རྫས་རླངས་འཁོར་གྱིས་སེམས་ཀྱི་ཉི་ཟླར་ཉམས་བསྟན་པ།

རྩོམ་པ་པོ།   ཧོ་ཅན་ཡུན།  ཡིག་བསྒྱུར།       དུས་ཚོད།   2017-11-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ11པའི་ཛེས22ཉིན་ནས་ཚེས23ཉིན་བར། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་ཀང་ཨའོ་ལས་དོན་གཞུང་ལས་ཁང་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཞང་ཀང་ཞིན་ཧྭ་ནོར་སྲིད་དང་དངུལ་རྩའི་མཉམ་ལས་ཁང་གིས་གཉེར་འགན་འཁུར་བའི་ཡུན་ནན་ནས་ལམ་ལ་ཆས་པ།   2017ལོའི་གནའ་རྫས་རླངས་འཁོར་ཡུན་ནན་དུ་བསྐྱོད་པའི་བདེ་ཆེན་གྱི་ཚན་པའི་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་བསྡུས་པ་རེད།  ཟླ11པའི་ཚེས22ཉིན་གྱི་སྔ་དྲོར་10རིན་གོང་ཆེ་ཞིང་བརྗིད་ཉམས་ལྡན་པའི་གནའ་རྫས་རླངས་འཁོར་རུ་ཁག་ས་དམ་བརྒྱུད་ནས་བདེ་ཆེན་མཐོ་སྒང་གི་ཕྱོགས་སུ་བསྐྱོད་འགོ་བརྩམས་ཤིང་།ཕྱི་དྲོར་དངོས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འབྱོར་བ་རེད། ཉིན་དེའི་ཕྱི་དྲོར་རང་ཁུལ་གྱིས་ཅུན་ཧྭ་གསོལ་མགྲོན་ཁང་ཆེན་མོ་ནསཚོང་དོན་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད།







 


   ཐེངས་འདིའི་བྱེད་སྒོའི་རླངས་འཁོར་རུ་ཁག་གི་གཞི་ཁྱོན་ཧ་ཅང་ཆེ་ཞིང་ལོ་རྒྱུས་ཆེས་རིང་བའི་རླངས་འཁོར་ནི་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བའི་ནང་ཐོན་པའི་ཧྥུའུ་ཐུ་ལོ་ཡེ་ཁྲི་ཞིག་ཡིན་པ་དང་།ད་དུང་MGདང་། ལོ་སི་ལེ་སི།   པའེ་ཧྲི་ཅེ།  པིན་ཚི་སོགས་རླངས་འཁོར་སྤུས་རྟགས་གྲགས་ཅན་ཐོན་ཡོད།རླངས་འཁོར་དེ་དག་ལ་ལོ་མང་པོ་འགོར་ཡོད་ན་ཡང་གཅེས་སྐྱོང་བྱས་པ་ལེགས་པས་ཤུགས་ཆེ་བ་མ་ཟད་འཁོར་སྐྱོད་ཀྱང་ལེགས་པོ་བྱེད་ཐུབ་ཀྱི་ཡོད། 


       བྱེད་སྒོའི་བར་སྐབས་སུ་རླངས་འཁོར་གྱི་བདག་པོ་དང་སྐུ་མགྲོན་རྣམས་དམར་དམག་རྒྱང་བསྐྱོད་དངོས་མང་བཤམས་སྟོན་ཁང་དང་ནགས་ཕག་མཚོ་སོགས་སུ་སོང་ནས་ལྗོངས་བལྟ་བྱས་ཤིང་།  ད་དུང་རྡོ་མཁར་རྫོང་དང་དགའ་ལྡན་སུམ་རྩེན་གླིང་སོགས་ནས་རླངས་འཁོར་འགྲེམས་སྟོན་དང་རིག་གནས་བརྗེ་རེས་ཀྱི་བྱེད་སྒོ་སྤེལ་བས་ས་གནས་ཀྱི་མང་ཚོགས་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད། 

 







 

    ཐེངས་འདིའི་བྱེད་སྒོ་ནི་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བའི་ཕྲེང་བསྟར་བྱེད་སྒོའི་ནང་གི་རིགས་ཤིག་ཡིན་པ་དང་།   དེའི་དམིགས་ཡུལ་ནི་ཡུན་ནན་དང་ཞང་ཀང་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས་རིག་གནས་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་།ན་གཞོན་ཕན་ཚུན་འབྲེལ་འདྲིས་བྱས་ནས་ཡུན་ནན་གྱི་ཐོན་ལས་འཕེལ་རྒྱས་བཏང་སྟེ་མཉམ་དུ་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།   བྱེད་སྒོ་འདི་ད་དུང་ཏ་ལི་དང་ཁུན་མིང་གྲོང་ཁྱེར་སོགས་ནས་སྤེལ་རྒྱུ་རེད།