རྟ་རྩལ་པ་སྤེན་པ་ཚེ་རིང་ལ་བྱ་དགའ་ཨང་གཉིས་པ་ཐོབ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-22   རྩོམ་ཁུངས།    阳光西藏


    སྤྱི་ཟླ་༡༡ཚེས་༡༨ཉིན།སྤྱི་ལོ་༢༠༡༧ལོའི་ལང་ཆིང་ཆུ་ཚོད་ཀྲུང་གོའི་རྟ་རྩལ་སྐོར་སྐྱོད་འགྲན་བསྡུར་ཤང་ཀང་རྟ་རྒྱུག་བུམ་པའི་འགྲན་བསྡུར་ཀོང་ཀྲུའུ་ཡི་རྟིང་རྩོད་དེ།ཀོང་ཀྲུའུ་ཧོང་ཚུན་ལུས་རྩལ་སྦྱོང་བརྡར་ལྟེ་བར་ཉིན་གཉིས་རིང་འགྲན་བསྡུར་བྱས་པ་དང་།ཕྱི་དྲོའི་ཆུ་ཚོད་༤་ཐོག་གཉེར་བའི་ལིའི་རྨིད་༡༤༥ནས་༡༥༠རིམ་པའི་ལང་ཆིང་ཆུ་ཚོད་འགྲན་བསྡུར་ནང་།ཀྲུང་གོའི་རྟ་རྩལ་པ་སྤེན་པ་ཚེ་རིང་ལ་ཉེས་སྐར་སྟོང་པ་དང་།སྐར་ཆ་༥༩དང་གྲངས་ཆུང་༢༦བླངས་ནས་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་པ་རེད།    


    ཧྥ་རན་སིའི་རྟ་རྩལ་པ་ཨའོ་ལི་ཝུད་ཨར་ཅི་ལུང་གིས་ཉེས་སྐར་སྟོང་པ་དང་།སྐར་ཆ་༥༦དང་གྲངས་ཆུང་༡༠བླངས་ནས་ཐེངས་འདིའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་།ཀྲུང་གོའི་རྟ་རྩལ་པ་སྤེན་པ་ཚེ་རིང་གིས་ཨང་གཉིས་པ་བླངས་ཤིང་།ཧོ་ལན་ཀྲིའི་རྟ་རྩལ་པ་ཝུན་སི་ཐེ་ཝུད་མུ་ལུན་གྱིས་ཉེས་སྐར་སྟོང་པ་དང་།སྐར་ཆ་༦༡དང་གྲངས་ཆུང་༢༥བླངས་ནས་ཨང་གསུམ་པ་ཐོབ་པ་རེད།


    ཤེས་རྟོགས་བྱུང་བར་གཞིགས་ན།དབྱི་ཀྲ་ལི་ནས་ཡོང་བའི་ལམ་ཐིག་ཇུས་བཀོད་པས་ལམ་ཐིག་བཀག་རྒྱ་ཚགས་དམ་པོ་བཟོས་ཡོད་པས་རྟ་རྩལ་པ་རྣམས་ལ་འདེམས་ཁ་བྱེད་པའི་བར་སྟོང་ཆེན་པོ་ཡོད་པ་དང་།ད་ཐེངས་ཀྱི་འགྲན་བསྡུར་གྱི་ལམ་ལུགས་ནི་དུས་ཚོད་སུ་མགྱོགས་པ་དང་།འགྲན་བསྡུར་བྱེད་སའི་ལམ་ཐིག་ཡོངས་ལ་རྨིད་༤༧༠ཡོད་ལ།ཁྱོན་བཀག་དངོས་༡༡ཡོད་ཅིང་།དེའི་ཁྲོད་ཀྱི་བཀག་དངོས་ཨང་༥དང་ཨང་༡༠གཉིས་ནི་མཉམ་སྡེབ་བཀག་དངོས་ཡིན་པ་རེད།འགྲན་བསྡུར་ཡོངས་ལ་རྟ་རྩལ་པས་ཁྱོན་མཆོངས་ཐེངས་༡༣བྱ་དགོས་ཀྱི་ཡོད་པ་དང་།འགྲན་བསྡུར་གྱི་དུས་ཚོད་སྐར་ཆ་༧༦ཡིན་ཞིང་།ཁྱོན་མི་རྟ་༢༩ཐེངས་འདིའི་འགྲན་བསྡུར་ནང་ཞུགས་པ་རེད།