བོད་ལྗོངས་ཀྱི་བྲོ་ཞིམ་ཟས་མཆོག་བསྐྱར་དུ་རྒྱལ་སྤྱིའི་ཐོག་སྟོན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-20   རྩོམ་ཁུངས།    མི་དམངས་དྲ་བ།


    ཟླ་11ཚེས་14ཉིན་ནས་ཚེས་16ཉིན་བར།2017ལོའི་ཧྲང་ཧའེ་རྒྱལ་སྤྱིའི་ཟས་རིགས་བཏུང་བྱ་དང་དེ་བཞིན་བཟའ་བཏུང་གི་སྒྲིག་ཆས་འགྲེམས་སྟོན་ཚོགས་འདུ་(FHCChina 2017)ཧྲང་ཧའེ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་གསར་པར་འཚོགས་པ་རེད།ཧྲང་ཧའེ་རུ་ལོ་20རིང་རྒྱུན་མཐུད་ནས་ལེགས་འགྲུབ་ངང་འཛུགས་གཉེར་བྱས་པའི་འགྲེམས་སྟོན་ཚོགས་འདུ་རྙིང་པ་ཡིན་པའི་ཐོག་ནས་FHCChinaནི་ཀྲུང་གོའི་ནང་འདྲེན་ཟས་རིགས་ཚོང་རའི་ཁ་ཕྱོགས་སྟོན་རྟགས་ལྟ་བུར་གྱུར་ཡོད་ལ།འདི་ཡང་མིག་སྔའི་བར་བོད་ལྗོངས་ཞུགས་པའི་རྒྱལ་ནང་གི་རིམ་པ་མཐོ་ཤོས་ཀྱི་གཡོས་སྦྱོར་འགྲན་བསྡུར་ཞིག་རེད།


ཐེངས་འདིའི་འགྲེམས་སྟོན་ཚོགས་འདུར་ཁྱོན་བསྡོམས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་75ནས་ཡོང་བའི་ཁེ་ལས་2500འགྲེམས་སྟོན་དུ་ཞུགས་ཤིང་།དེའི་ཁྲོད་དུ་ཨ་རི་དང་དབྱིན་ཇི།ཧྥ་རན་སེ།འཇར་མན།དབྱི་ཐ་ལི།ཉི་ཧོང་།ཁོ་རེ་ཡ་ལྷོ་མ།ཨོ་སི་ཁྲུ་ལི་ཡ།ཏེན་མག་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་འགྲེམས་སྟོན་ཚོགས་པ་40ཡི་མ་བྱན་ཆེ་མོ་850རིགས་ཆེ་གྲས་5ཡི་རྣམ་གྲངས་རྐྱང་མའི་འགྲན་བསྡུར་23ལ་ཞུགས་ཡོད་པ་རེད།