ཀོང་པོའི་ལོ་གསར་གྱི་བྱུང་བ

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-20   རྩོམ་ཁུངས།    阳光西藏



ཀོང་པོའི་ལོ་གསར་ནི་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་དང་།སྨན་གླིང་རྫོང་།ཀོང་པོ་རྒྱ་མདའ་རྫོང་སོགས་ས་ཁུལ་གྱི་མང་ཚོགས་ཀྱིས་སར་བའི་ལོ་གསར་ཞིག་སྟེ།བོད་ལུགས་ཀྱི་ཟླ་བཅུ་བའི་ཚེས་གཅིག་ཡིན།བཤད་རྒྱུན་ལ།སྔོན་ཀོང་པོ་ས་ཁུལ་ཡང་བོད་ཁུལ་གཞན་དག་དང་འདྲ་བར་བོད་ལུགས་ཀྱི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལོ་གསར་གཏོང་གི་ཡོད།བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ།ལོ་ཞིག་གི་སྟོན་དུས་ཤིག་ལ།ཀོང་པོ་ས་ཁུལ་ལ་བྱང་ཕྱོགས་ཧོར་གྱིས་ཚུར་རྒོལ་བྱས་ཙ་ན།ཀོང་པོ་རྒྱལ་པོས་ལམ་སང་སྐྱེས་པ་རྣམས་དམག་ལ་བསྡུས་ནས་དམག་འཐབ་དུ་སྐྱོད་འགོ་བརྩམས་པས།རྒྱལ་པོས་དམག་དཔོན་དང་འཐབ་འཛིང་བ་རྣམས་ཀྱི་སེམས་གསོ་ཆེད་དུ་ལོ་གསར་སྔོན་ལ་གཏོང་རྒྱུ་བཀའ་བཏང་ནས་འཐབ་མོ་བ་རྣམས་ལ་ཟས་རིགས་ཅི་དགར་ལོངས་སུ་སྤྱོད་དུ་བཅུག་རྗེས་ད་གཟོད་ལམ་ལ་ཆས་རྒྱུ་བྱས།མཐའ་མར་སེམས་དོན་དེ་གྲུབ་པའི་དམག་དཔོན་རྣམས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་སྟོབས་རྩལ་ཅི་ཡོད་བཏོན་ནས་དགྲ་ཕྱོགས་ཕམ་པར་བརྒྱབ་ནས་རྒྱལ་ཁ་ལོན་པ་དང་།དུས་དེ་ནས་བཟུང་ཀོང་པོ་བ་རྣམས་ཀྱིས་བོད་ལུགས་ཀྱི་ཟླ་བཅུ་བའི་ནང་ལོ་གསར་་གཏོང་བའི་སྲོལ་དེ་ཆགས་པ་རེད།