བོད་རིཊ་བྱིས་པ་འདི་ལ་བྱ་དགའ་ཆེན་པོ་བཞི་ཐོབ་འདུག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-20   རྩོམ་ཁུངས།    阳光西藏

ཉེ་དུས།ནང་སོག་རང་སྐྱོང་ལྗོངས་ཧོ་ཧུ་ཧོའུ་ཐུག་གྲོང་ཁྱེར་ནས་སྤེལ་བའི་སྐབས་བརྒྱད་པའི་གཞོན་ནུ་ཚན་རིག་བརྙན་གཟིགས་དུས་ཆེན་སྟེང་།རང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བརྒྱད་གཅིག་སློབ་འབྲིང་གི་སློབ་མ་ཐུབ་བསྟན་ཕུན་ཚོགས་སོགས་སློབ་མ་གསུམ་གྱིས་མཉམ་དུ་ཕབ་སྐྲུན་བྱས་པའི་ཚན་རིག་གི་གློག་བརྙན་ཐུང་གྲས་ཇ་སྲུབས་མ་ཕོར་བ་གང་ཞེས་པར་རྒྱལ་ཡོངས་ན་གཞོན་ཚག་རིག་བརྙན་གཟིགས་འགྲེམས་སྟོན་དཔྱད་འདེམས་ཁྲོད་ཨང་དང་པོའི་བྱ་དགའ་དང་།CECTVཚན་པ་རྐྱང་བའི་བྱ་དགའ།ཕུལ་བྱུང་བརྙན་ཕབ་བྱ་དགའ།ཕུལ་བྱུང་ཚན་རིག་གློག་བརྙན་ཐུང་གྲས་མིང་འདོན་བྱ་དགའ་སོགས་ཐོབ་ནས།བོད་ལྗོངས་ཀྱི་སློབ་མས་རྒྱལ་ཡོངས་གཞོན་ནུ་ཚན་རིག་བརྙན་གཟིགས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད།

    ཇ་སྲུབས་མ་ཕོར་བ་གང་ཞེས་པའི་བརྙན་ཐུང་འདིའི་ཁྲོད་དུ་ཇ་སྲུབས་མ་བཟོ་སྟངས་གཙོར་བྱུང་བཟུང་ནས།ཇ་སྲུབས་མའི་ཐུན་མོང་མ་ཡིན་པའི་གསོ་རིག་གི་རིན་ཐང་ངོ་སྤྲོད་བྱས་པ་བརྒྱུད།བོད་རྒྱ་དགེ་སློབ་ཡོངས་ཀྱི་མཛའ་མཐུན་གྱི་འབྲེལ་བ་དང་།མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་མངོན་པར་བྱས་ཡོད།