བདེ་ཆེན་ཁུལ་གྱི་གནས་ཚུལ་ཀུན་འདུས་ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཉེ་ཆར།རང་ཁུལ་གྱི་ཆེད་མཁས་པ་ཉི་རོང་ཧྭ་ཡིས་རྩོམ་སྒྲིག་གནང་བའི་བདེ་ཆེན་ཁུལ་གྱི་གནས་ཚུལ་ཀུན་འདུས་ཞེས་པའི་དཔེ་དེབ་དེ་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད།
   དཔེ་དེབ་འདི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ60
འཁོར་བའི་དུས་རབས་རྒྱབ་ལྗོངས་བྱས་ཏེ་དངོས་མཐུན་གྱིས་བདེ་ཆེན་གྱི་རང་བྱུང་དང་ལོ་རྒྱུས། མི་གྲངས། མི་རིགས།  ཐོན་ཁུངས། བཅོས་སྒྱུར། འཐབ་ཇུས།དཔལ་འབྱོར། སྤྱི་ཚོགས། ཁྲིམས་སྲོལ།རིག་གནས། སྐྱེ་ཁམས། ཏང་འཛུགས།སྒྲིག་གཞི། རྫོང་གི་གནས་ཚུལ་སོགས་ཁུལ་གྱི་གནས་ཚུལ་ནང་དོན་ཐོ་འགོད་བྱས་ནས་བདེ་ཆེན་གྱི་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས། རིག་གནས།སྐྱེ་ཁམས།ཏང་གི་འཛུགས་སྐྲུན་སོགས་ཀྱི་འཕེལ་རྒྱས་གནས་ཚུལ་ཚུར་སྣང་བྱས་ཡོད།