ཨེ་ཤ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྟེང་བདེ་ཆེན་ཁུལ་གྱི་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་པ།

རྩོམ་པ་པོ།   ཀྲུང་གོ་བོད་ཀྱི་དྲ་བ།  ཡིག་བསྒྱུར།       དུས་ཚོད།   2017-11-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།











   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས2ཉིན་ནས་ཚེས5ཉིན་གྱི་བར་ཨེ་ཤ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ཀྱི་ནེ་པ་ལའི་ས་ཚིགས་ཀྱི་འགྲེམ་སྟོན་ཀ་ཏ་མན་རྡུ་རུ་སྤེལ་བ་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་ཀྱིས་འགྲེམ་སྟོན་བྱས་པའི་ས་རྫ་དང་། ཅ་ནེ། བོད་སྤོས། རི་སྐྱེས་ཤ་མོ། ལག་བཟོའི་སྒྱུ་རྩལ་བཅས་ལ་དགའ་བསུ་ཆེན་པོ་ཐོབ་ནས་ལྟད་མོ་བ་དང་ཉོ་མཁན་ཧ་ཅང་མང་།

  འགྲེམ་སྟོན་སྐབས་སུ། བདེ་ཆེན་ཁུལ་འཐུས་ཚབ་ཚོགས་པས་འཁྲབ་སྟོན་མི་སྣས་ཉིན་རེའི་སྔ་དྲོ་དང་ཕྱི་དྲོའི་སྐབས་སུ་རིག་རྩལ་འཁྲབ་སྟོན་ཐེངས་གཉིས་སྤེལ་བར་སྐུ་མགྲོན་རྣམས་ལ་བདེ་ཆེན་བོད་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གསོལ་སྟོན་ཆེན་མོ་ལོངས་སུ་སྤྱོད་དུ་བཅུག ཐེངས་འདིའི་འགྲེམ་སྟོན་ལས་བདེ་ཆེན་གྱི་མཛེས་ཉམས་གསལ་བོར་མངོན་པ་མ་ཟད། བདེ་ཆེན་ཁུལ་གྱིས་རྒྱུད་གཅིག་ལམ་གཅིག་གི་ཨེ་ཤ་ཡ་ཤར་ལྷོ་དཔལ་འབྱོར་ཁུལ་དང་འབྲེལ་བ་འཛུགས་པ་དང་། བདེ་ཆེན་ཁུལ་གྱི་ཐོན་རྫས་གྲགས་ཅན་དྲིལ་བསྒྲགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།