བོད་ལྗོངས་ཀྱི་ཡུལ་སྐོར་གཞུང་ཚབ་ཆེ་མོ་བ་དཔྱད་འདེམས་སྐབས་དང་པོའི་རྟིང་རྩོད་འགྲན་བསྡུར་བྱེད་སྒོ་མཇུག་བསྒྲིལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-03   རྩོམ་ཁུངས།    མི་དམངས་དྲ་བ།


 


    ཟླ་10ཚེས་31ཉིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་དང་། 《བོད་ལྗོངས་ཡུལ་སྐོར་》དུས་དེབ་ཁང་གིས་སྒྲུབ་འགན་འཁུར་བའི་བོད་ལྗོངས་ཀྱི་ཡུལ་སྐོར་གཞུང་ཚབ་ཆེ་མོ་བ་དཔྱད་འདེམས་སྐབས་དང་པོའི་རྟིང་རྩོད་འགྲན་བསྡུར་བྱེད་སྒོ་ལྷ་སར་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོ་རུ་བོད་ལྗོངས་ན་གཞོན་གྱིས"བློ་གདེང་ཁེངས་པའི་ཉམས་བཟང་། གླུ་ལེན་གར་ལ་མཁས་པ། ཁ་ཞེ་གཅིག་ཏུ་མཐུན་པ། ཡོན་ཏན་སྣ་མང་འཛོམས་པ"བཅས་ངོམས་སྟོན་བྱས་པ་རེད། བདམས་ཐོན་བྱུང་བའི་ཡུལ་སྐོར་གཞུང་ཚབ་ཆེ་མོ་བས་འཛམ་གླིང་ལ་བོད་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པ་རེད།