མཚོ་སྔོན་གྱི་གྲོང་སྡེ་79ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གི་མིང་གཞུང་ནང་ཚུད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-03   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་10ཚེས་31ཉིན། གསར་འགོད་པས“ཁྱིམ་གཞིས་སྲུང་འཛིན་། དཔལ་ཡོན་རྒྱུད་སྤེལ། ——ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མཚོ་སྔོན་གྱི་པར་རིས་འགྲེམས་སྟོན”ནས་ཤེས་རྟོགས་བྱས་པ་ལྟར་ན། མིག་སྔར་མཚོ་སྔོན་དུ་གྲོང་སྡེ་79ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གི་མིང་གཞུང་ནང་ཚུད་ཡོད་པ་རེད།
    པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་གཉེར་བ་དང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་དང་། མི་རིགས་རིག་གནས་ཕོ་བྲང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པའི“ཁྱིམ་གཞིས་སྲུང་འཛིན། དཔལ་ཡོན་རྒྱུད་སྤེལ། ——ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མཚོ་སྔོན་གྱི་པར་རིས་འགྲེམས་སྟོན” དེ་ནི་མཚོ་སྔོན་གྱི་རྨ་ཙོང་འབབ་རྒྱུད་དང་། རོང་བོ་དགུ་ཆུའི་འབབ་རྒྱུད། སྨར་ཁོག་ཆུའི་འབབ་རྒྱུད། རྫ་ཆུའི་འབབ་རྒྱུད། འབྲི་ཆུའི་འབབ་རྒྱུད་སོགས་ཀྱི་ལེ་ཚན་ལས་གྲུབ་ཅིང་། འགྲེམས་སྟོན་བྱས་པའི་པར་རིས་ཡག་པོ་400ལྷག་གི་བརྗོད་དོན་ཁ་གསལ་བ་དང་ཁྱད་ཆོས་ཟབ་མོ་ཡོད་པ་མ་ཟད་ལོ་རྒྱུས་འཕེལ་རྒྱས་ཀྱི་དྲན་ཤེས་འདུས་པ་དང་ཤེས་དཔལ་ཡར་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་མངོན་པ་མ་ཟད། མཚོ་སྔོན་གྱི་སྲོལ་རྒྱུན་གྲོང་སྡེའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་དང་རྒྱུན་བསྲིང་འཕེལ་རྒྱས་ཀྱི་མདུན་ལམ་ཟབ་མོ་ཡང་མཚོན་ཡོད་པ་རེད།
   ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་གོ་ཆོད་ནུས་ལྡན་གྱི་ཕྱོགས་བསྡུས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་སྲོལ་རྒྱུན་གྲོང་སྡེར་ཞིབ་འཇུག་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཡིག་ཚགས་བཟོ་བ་དང་སྲུང་སྐྱོང་རེ་ཞུའི་ལས་དོན་ལ་བརྟག་དཔྱད་བྱས་ཏེ་ཁག་བཞིར་དབྱེ་ནས་གྲོང་སྡེ་290སྡོད་ཁང་འཛུགས་སྐྲུན་པུའུ་ལ་རེ་ཞུ་བྱས་ཤིང་། མིག་སྔའི་བར་གྲོང་སྡེ་79ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གི་མིང་གཞུང་དུ་ཚུད་པ་དང་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ་ད་རེས་ཀྱི་འགྲེམས་སྟོན་ནི་མཚོ་སྔོན་གྱི་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་གྲུབ་འབྲས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཀྱང་རེད།
   ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་འགྲེམས་སྟོན་ཟླ་11ཚེས་6ཉིན་བར་བྱ་རྒྱུ་ཡིན་པ་རེད།