ཡུན་ནན་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

རྩོམ་པ་པོ།   ཧོ་ཅན་ཡུན།  ཡིག་བསྒྱུར།       དུས་ཚོད།   2017-11-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་30ཉིན་གྱི་སྔ་དྲོར།ཡུན་ནན་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས།སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་ལས་འཛིན་འགོ་གཙོ།རྒྱུན་ལས་ལས་འཛིན་འགོ་གཙོ་གཞོན་པ།ལས་འཛིན་གཞོན་པ།དྲུང་ཡིག་ཆེན་མོ་བཅས་བདམས་ཐོན་བྱུང་བ་རེད།

    ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་མིའོ་ཡིའུ་ཧྥ་གྲོས་ཚོགས་སུ་ཞུགས་ནས་གསུང་བཤད་གནང་བ།ཁོང་གིས་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱིས་རྒྱུན་མཐུད་ཀྱིས་ནང་བསྟན་སློབ་གླིང་གཉེར་བ་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱེད་དེ།བདེ་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་ཡོན་ཏན་ཅན་ཇེ་མང་དུ་གསོ་སྐྱོང་བྱེད་དགོས་པའི་བླང་བྱང་བཏོན་པ་རེད།