རིག་དངོས་ཉམས་གསོ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-11-01   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།


    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་མ་དངུལ“ལོ་ལྔ་ཚན་བཅུ་གཉིས་པའི”རྨང་གཞིའི་ཐོག་ལྡབ་གཅིག་འཕར་རྒྱུར་རྒྱབ་སྐྱོར་བྱས་ཡོད། རིམ་ཁག་སྲིད་གཞུང་གིས་རིག་དངོས་སྲུང་སྐྱོབ་ལས་དོན་ཐད་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་ཁྲིམས་དང་མཐུན་པའི་ངང་རིག་དངོས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་གཞོགས་འདེགས། སྤྱི་ཚོགས་ཞུགས་པ་བཅས་ཀྱི་རིག་དངོས་སྲུང་སྐྱོབ་འདུ་ཤེས་རིམ་བཞིན་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྔ་རྗེས་སུ་ལྡེབས་རིས་སྲུང་སྐྱོབ་ཉམས་གསོའི་འདུ་འགོད་ཁག་གཅིག་ལག་ལེན་བསྟར་བ་དང་སྔར་ཡོད་རྣམ་པ་ཇི་བཞིན་ཉམས་གསོ་བྱེད་པའི་རྩ་དོན་ལ་གཞིགས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལྡེབས་རིས་ཀྱི་དེ་སྔའི་རྣམ་པ་སླར་གསོ་ཐུབ་པ་བྱས་ཤིང་། འདི་ནི་ཉིན་ཤས་གོང་རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པས་གདན་ཞུ་བྱས་པའི་ལྡེབས་རིས་ཉམས་གསོ་བྱེད་མཁན་ལས་དོན་མི་སྣས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་དགོན་གྱི་ལྡེབས་རིས་ཉམས་གསོ་བྱེད་པའི་གནས་ཚུལ་ཡིན་པ།