ཏང་གི་སྐབས་19པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་སྤྱི་བསྒྲགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-27   རྩོམ་ཁུངས།    མི་དམངས་དྲ་བ།


ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།

    (2017ལོའི་ཟླ་10ཚེས་25ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ།)

    ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་འདེམས་བསྐོ་བྱས་ནས་ཐོན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་2017ལོའི་ཟླ་10ཚེས་25ཉིན་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད།བློ་མཐུན་ཀྲའོ་ལེ་ཅིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཕེབས་དགོས་པ་མི་133ཡོད་པ་དང་དངོས་སུ་མི་133ཕེབས་ཡོད་པ་རེད།ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་།ཧྲུའུ་ཅི་གཞོན་པ།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་འདེམས་བསྐོ་བྱས་ནས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནང་རྒྱུར་ཕུལ་བ་རེད།

ཚོགས་ཞུགས་བློ་མཐུན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་ཡོད་པ་རེད།