བློ་མཐུན་ལི་ཀྲན་ཧྲུའུ་ཡི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-26   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།


བློ་མཐུན་ལི་ཀྲན་ཧྲུའུ་ཡི་ལོ་རྒྱུས་མདོར་བསྡུས། 

       ལི་ཀྲན་ཧྲུའུ་སྐྱེ་པ། རྒྱ་རིགས། སྤྱི་ལོ་༡༩༥༠ལོའི་ཟླ་བ་༨་པར་ཧོ་པེ་ཕིང་ཧྲན་སྐུ་འཁྲུངས། སྤྱི་ལོ་༡༩༧༢ལོའི་ཟླ་༡༢པར་ཕྱག་ལས་ནང་ཞུགས། སྤྱི་ལོ་༡༩༧༥ལོའི་ཟླ་བ་༤པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཧོ་པེ་དགེ་འོས་སློབ་ཆེན་མཚན་མོའི་སློབ་ཆེན་ཆབ་སྲིད་སློབ་གསོ་ཚན་ཁག་ནས་ཐོན། ལས་ཐོག་སློབ་གྲྭ་ཆེན་མོའི་ཡོན་ཚད་ལྡན་པ། མཐོ་རིམ་བཟོ་ཚོང་དོ་དམ་རབ་འབྱམས་སློབ་མའི་ཡོན་ཚད་ལྡན་ཡོད།

       ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པ་རེད།

       སྤྱི་ལོ་༡༩༧༡ལོ་ནས་སྤྱི་ལོ་༡༩༧༢ལོའི་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཁུལ་ནོར་སྲིད་དང་ཉོ་ཚོང་སློབ་གྲྭའི་ཟོག་ཚོང་ཆེད་ལས་སློབ་སྦྱོང་གནང་།

       སྤྱི་ལོ་༡༩༧༢ལོ་ནས་སྤྱི་ལོ་༡༩༧༦ལོའི་བར། ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཁུལ་ཚོང་ལས་ཅུད་གཞུང་ལས་ཁང་དུ་ཕྱག་ལས་གནང་བ་དང་ཀྲུའུ་རིན་གཞོན་པའི་འགན་བཞེས།

       སྤྱི་ལོ་༡༩༧༦ལོ་ནས་སྤྱི་ལོ་༡༩༨༣ལོའི་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཁུལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དཔྱད་ཡིག་ཁོའོ་རུ་ཕྱག་ལས་གནང་བ་དང་ཁོའོ་ཀྲང་གི་འགན་བཞེས་པ་དང་དེའི་རིང་སྤྱི་ལོ་༡༩༨༠ལོ་ནས་༡༩༨༣ལོའི་བར་ཧོ་པེ་དགེ་འོས་སློབ་ཆེན་མཚན་མོའི་སློབ་ཆེན་ཆབ་སྲིད་སློབ་གསོ་ཚན་ཁག་ཏུ་སློབ་སྦྱོང་གནང་།

       སྤྱི་ལོ་༡༩༨༣ལོ་ནས་སྤྱི་ལོ་༡༩༨༥ལོའི་བར་ཧོ་པེ་ཞིང་ཆེན་ཝུ་ཅི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས།

       སྤྱི་ལི་༡༩༨༥ལོ་ནས་སྤྱི་ལོ་༡༩༨༦ལོའི་བར་ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གྱི་འགན་བཞེས།

       སྤྱི་ལོ་༡༩༨༦ལོ་ནས་སྤྱི་ལོ་༡༩༩༠ལོའི་བར་གུང་གཞོན་སྡེ་ཚོགས་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་པ་དང་དེའི་རིང་སྤྱི་ལོ་༡༩༨༨ལོའི་ཟླ་བ་༢པ་ནས་སྤྱི་ལོ་༡༩༨༨ལོའི་ཟླ་བ་༨བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཏང་འཛུགས་རིགས་གཞུང་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་གནང་།

       སྤྱི་ལོ་༡༩༩༠ལོ་ནས་སྤྱི་ལོ་༡༩༩༣ལོའི་བར་ཧོ་པེ་ཞིང་ཆེན་ཁྲེང་ཏེ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གྱི་འགན་བཞེས།

       སྤྱི་ལོ་༡༩༩༣ལོ་ནས་སྤྱི་ལོ་༡༩༩༧ལོའི་བར་ཧོ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་དྲུང་ཆེའི་འགན་བཞེས་པ་དང་སྤྱི་ལོ་༡༩༩༢ལོ་ནས་སྤྱི་ལོ་༡༩༩༩༤ལོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཡིག་ཐོག་་སློབ་གླིང་དུ་དཔལ་འབྱོར་ཆེད་ལས་སློབ་སྦྱོང་གནང་།

       སྤྱི་ལོ་༡༩༩༧ལོ་ནས་སྤྱི་ལོ་༡༩༩༨ལོའི་བར་ཧོ་པེ་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པའི་འགན་བཞེས།

       སྤྱི་ལོ་༡༩༩༨ལོ་ནས་སྤྱི་ལོ་༢༠༠༠ལོའི་བར་ཧྲེའན་ཞིང་ཆེན་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་པ་དང་སྤྱི་ལོ་༡༩༩༦ལོ་ནས་སྤྱི་ལོ་༡༩༩༨ལོའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་གླིང་ནོར་སྲིད་དང་ཉོ་ཚོང་ཚན་ཁག་ཚོང་ལས་དཔལ་འབྱོར་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་ཚན་སློབ་སྦྱོང་གནང་།

       སྤྱི་ལོ་༢༠༠༠ལོ་ནས་སྤྱི་ལོ་༢༠༠༢ལོའི་བར་ཧྲེའན་ཞི་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་གི་འགན་བཞེས། སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༢ལོའི་བར་ཧྲེའན་ཞི་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཤི་ཨན་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

       སྤྱི་ལོ་༢༠༠༢ལོ་ནས་སྤྱི་ལོ་༢༠༠༣ལོའི་བར་ཧྲེའན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤི་ཨན་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

       སྤྱི་ལོ་༢༠༠༣ལོ་ནས་སྤྱི་ལོ་༢༠༠༤ལོའི་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

       སྤྱི་ལོ་༢༠༠༤ལོ་ནས་སྤྱི་ལོ་༢༠༠༧ལོའི་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པའི་འགན་བཞེས་ཤིང་དེའི་རིང་སྤྱི་ལོ་༢༠༠༥ལོ་ནས་སྤྱི་ལོ་༢༠༠༧ལོའི་བར་ཧར་པིན་བཟོ་ལས་སློབ་ཆེན་མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་ཆེད་ལས་སློབ་སྦྱོང་གནང་བ་དང་མཐོ་རིམ་བཟོ་ཚོང་དོ་དམ་རབ་འབྱམས་པའི་སློབ་གནས་ཐོབ།

       སྤྱི་ལོ་༢༠༠༧ལོ་ནས་སྤྱི་ལོ་༢༠༠༨ལོའི་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་འགོ་འཛིན་གྱི་ལས་ཚབ་གནང་།

       སྤྱི་ལོ་༢༠༠༨ལོ་ནས་སྤྱི་ལོ་༢༠༡༠ལོའི་བར་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་འགོ་འཛིན་གྱི་འགན་བཞེས།

       སྤྱི་ལོ་༢༠༡༠ལོ་ནས་སྤྱི་ལོ་༢༠༡༢ལོའི་བར་ཀུས་ཀྲའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའ་རིན་གྱི་འགན་བཞེས།

       སྤྱི་ལོ་༢༠༡༢ལོ་ནས་སྤྱི་ལོ་༢༠༡༢ལོའི་བར་ཀྲུང་དབྱང་གཞུང་ལས་ཐིང་གི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་གྱི་ཀྲུའུ་རིན་གཞོན་པ་གནང་།པུའུ་ཀྲང་རྒན་པའི་རིམ་པ་ཡིན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀུས་ཀྲའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

       སྤྱི་ལོ་༢༠༡༢ལོ་ནས་སྤྱི་ལོ་༢༠༡༤ལོའི་བར་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

       སྤྱི་ལོ་༢༠༡༤ལོ་ནས་སྤྱི་ལོ་༢༠༡༧ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

       སྤྱི་ལོ་༢༠༡༧ལོ་ནས་བཟུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རིན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

       ཁོང་ནི་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་བཅས་ཡིན་པ་རེད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།