རིག་རྡོའི་བཟོ་རྩལ་ལ་གསེར་གྱི་བྱ་དགའ་ཐོབ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-24   རྩོམ་ཁུངས།    གངས་ལྗོངས་ཉིན་གཞོན།


    དེ་རིང་འཚོགས་མཇུག་བསྒྲིལ་བའི་ཐེངས་བཅོ་བརྒྱད་པའི་ཀྲུང་གོའི་བཟོ་བཀོད་མཛེས་རྩལ་མཁས་ཅན་གྱི་བརྩམས་ཆོས་དང་ལག་ཤེས་བཟོ་རྩལ་ཁྱད་འཕགས་བརྩམས་ཆོས་ཀྱི་དངོས་མང་བཤམས་ཚོགས་ཐོག་སི་ཁྲོན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་ལྷ་བཟོ་ཆེན་མོ་རིག་རྡོས་བཟོས་པའི་རྡོ་རྗེ་འཇིགས་བྱེད་སྐུ་འདྲ་ལ་ཀྲུང་གོའི་ཁྱད་འཕགས་བཟོ་རྩལ་གྱི་ཆེས་མཐོ་བའི་བྱ་དགའ་སྟེ་གསེར་གྱི་བྱ་དགའ་ཐོབ་པ་རེད།