མང་ཚོགས་ཀྱི་དོན་ཆུང་ནི་རང་རེའི་ཏང་གི་དོན་ཆེན་ཡིན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-24   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

    བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཏང་ཡོངས་ལ་ཐུགས་རྒྱུད་རིང་པོས་བསླབ་བྱ་གནང་དོན།མི་དམངས་མང་ཚོགས་ཀྱི་དོན་ཆུང་དག་རང་ཉིད་ཀྱི་དོན་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས།

    མི་དམངས་ཀྱི་སྣེ་ཁྲིད་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་དམིགས་ཚད་ཆེན་པོ་སྒྲུབ་དགོས་ན།མི་དམངས་ཀྱི་ཁེ་ཕན་གནས་བབ་མཐོ་ཤོས་སུ་བཞག་སྟེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀཆེས་དངོས་ཡོད་བཅས་ཀྱི་དོན་ཆུང་རེ་རེ་ནས་འགོ་བཙུགས་ཏེ་མི་སེར་ལ་བདེ་རྩ་སྐྲུན་དགོས།

    མི་དམངས་ཀྱི་ཁེ་ཕན་དོན་ཆུང་མིན་པར་ཇ་མར་ཚྭ་བུལ་སོགས་དང་། ཐོབ་ཐང་ལག་ཁྱེར་གཅིག ར་སྤྲོད་ཡི་གེ་གཅིག་བཅས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཆེ་བའི་དོན་ཆུང་དེ་དག་ཧོབ་སྟེ་བལྟས་ན་གལ་ཆེན་པོ་མེད་པ་ལྟར་སྣང་ཡང་།གལ་སྲིད་ཐག་གཅོད་ཡག་པོ་མ་བྱུང་ན་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་སྲིད།

    མིའི་གནད་དོན་དེ་སྲིད་ཏང་གཅིག་དང་སྲིད་དབང་གཅིག་གི་ངོ་བོར་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཀ་ལྟ་བུ་ཡིན་ན།དོན་ཆུང་ནི་དེ་བས་མེ་ལོང་གཅིག་དང་མཚུངས་པར།གུང་ཁྲན་ཏང་མིའི་དམངས་འཚོའི་བསམ་ཚུལ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་པའི་ཉམས་འགྱུར་ཞིབ་ཕྲ་མཐོང་ཐུབ།

    སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཚུན་དུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཕོ་འགྱུར་རླབས་པོ་ཆེ་བྱུང་ཡོད།དུས་རབས་གསར་པར་སླེབས་རྗེས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་ཆ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བ་ཇི་ལྟར་སེལ་རྒྱུ་ནི་ལན་ཡག་པོ་རྒྱག་དགོས་ངེས་ཀྱི་དྲི་གཞི་ཞིག་རེད།ཏང་ཡོན་ཡོངས་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཐབ་ཇུས་ཆེ་མོར་སྣང་ཆེན་བྱེད་དགོས་པ་མ་ཟད།ཞིབ་ཕྲའི་ནང་དོན་ཆུང་ངུར་ཡང་དོ་འཁུར་བྱས་ཏེ།“དོན་ཆེན་སྒྲུབ་པའི”འཇོན་ཐང་ཡོད་དགོས་ལ།“དོན་ཆུང་སྒྲུབ་པའི”སྤྲོ་སེམས་ཀྱང་ཡོད་དགོས་ཤིང་།ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱས་ནས།མི་སེར་ཚོས་ཞིབ་ཕྲའི་ལས་དོན་ཁྲོད་ནས་ཏང་གི་དམངས་ཆེད་བརྩེ་སེམས་དངོས་དངོས་རྗེན་རྗེན་ངང་ཚོར་ཐུབ་པ་བྱེད་དགོས།

    མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་སྨོན་དེ་འབད་འཐབ་དམིགས་ཚད་དུ་བརྩིས་ནས།སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ལས་མི་དམངས་ཡོངས་ལ་དེ་བས་འདྲ་མཉམ་ཐོག་ནས་ཕན་ཐོགས་པ་དང་།མི་སེར་གྱི་ཐོབ་ཚོར་དང་།བདེ་སྐྱིད་ཐོབ་ཚོར།བདེ་འཇགས་ཚོར་སེམས་བཅས་དེ་བས་ཆེ་བ་དང་།དེ་བས་འགན་ལེན་ཡོད་པ།དེ་བས་རྒྱུན་མཐུད་པ་བཅས་ཡོང་བ་བྱས་ཚེ།རང་རེའི་ཏང་གིས་ནམ་ཡང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་།བདེ་སྡུག་མཉམ་མྱོང་།གཅིག་སེམས་གཅིག་སྦྲེལ་བཅས་བྱེད་ཐུབ།

                                                                                                                            (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ལིའུ་ཡཱ་མིང་དང་སུང་ཞའོ་ཏུང་གིས)(དོན་གྲུབ་ཀྱིས་བསྒྱུར། དམ་ཆོས་ཀྱིས་ཞུས)