བོད་ལྗོངས་དང་མཚོ་སྔོན་གྱི་འཐུས་ཚབ་པའི་ཉམས་འགྱུར།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 


    ཟླ10པའི་ཚེས་18ཉིན་གྱི་ཕྱི་དྲོ་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཚོགས་ཆུང་ཁག་བགོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་སྙན་སྒྲོན་ལ་གྲོས་བསྡུར་གནང་ཞིང་། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུས་ཏེ་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་དེ་བས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།


     ཚོགས་ཆེན་བཅུ་དགུ་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་འདུའི་ཐོག་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མང་ཤང་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་པད་མ་དབྱངས་ཅན་(གཡོན་གྱི་གསུམ་པ)གྱིས་ལོ་ལྔའི་རིང་བོད་ལྗོངས་ཀྱི་རྒྱ་ཆེའི་མཐའ་མཚམས་ཀྱི་མི་སེར་དང་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་ལེགས་སུ་ཕྱིན་པ་ནི་ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་མཐའ་མཚམས་ས་ཁུལ་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བ་མ་ཟད། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཏང་གི་སྲིད་ཇུས་བཟང་པོ་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཁུར་དང་ཡང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།


     ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན།ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ།ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་མུ་མཐུད་དུ་གྲོས་སྡུར་བྱས།བློ་མཐུན་ལིས་ཡོན་ཁྲའོ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་ནས་གཏམ་བཤད་གནང་བ་དང་།ལིག་ཉིན་དང་ཝང་ཞའོ་སོགས་མཚོ་སྔོན་གྱི་འཐུས་མི་རྣམས་ཀྱིས་གཏམ་བཤད།

 

 ཏང་གི་འཐུས་མི་སུའུ་ཧྲེང་ཁྲེང་དང་ཚེ་རིང་སྐྱིད་འཛོམས་གཉིས་སྤེལ་རེས་བྱེད་པ།