ཏང་གི་ཚོགས་ཆེན་བཅུ་དགུ་པ་མཇུག་སྒྲིལ་བའི་ཚོགས་འདུ་ཟླ་10ཚེས་24ཉིན་གྱི་སྔ་དྲོར་འཚོག་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-23   རྩོམ་ཁུངས།    མི་དམངས་དྲ་བ།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས་སུ་སྤེལ་བའི་གནས་འཕྲིན་ལྟར་ན།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་མཇུག་སྒྲིལ་བའི་ཚོགས་འདུ་ཟླ་10ཚེས་24ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད།

གསར་འགྱུར་ལྟེ་གནས་ཀྱིས་མཇུག་སྒྲིལ་བའི་ཚོགས་འདུ་སྐོར་བཅར་འདྲི་བྱ་རྒྱུའི་འབྲེལ་ཡོད་བྱ་བ་བརྡ་ཐོ་བཏང་བ་གཤམ་གསལ།

    གཅིགབདེ་སྲུང་ཞིབ་བཤེར་ཆུ་ཚོད་9:30ནས་འགོ་རྩོམ་རྒྱུ་ཡིན་པ་དང་།གསར་འགོད་པས་བཅར་འདྲི་དཔང་ཡིག་བསྣམས་ནས་བདེ་སྲུང་ཞིབ་བཤེར་བྱས་རྗེས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོ་ནས་ཡོང་སྟེ་གཏན་འཁེལ་ས་ཁོངས་སུ་སྒུག་རྒྱུ་དང་།ཆུ་ཚོད་10:30ཡས་མས་སུ།ལས་སྒྲུབ་མི་སྣའི་སྣེ་ཁྲིད་འོག་མི་དམངས་ཚོགས་ཁང་ཆེ་མོའི་ཐོག་བརྩེགས་གཉིས་པའི་བརྙན་ལེན་པར་ལེན་གསར་འགོད་པའི་བཞུགས་གནས་དང་ཐོག་བརྩེགས་གསུམ་པའི་རྩོམ་འབྲི་གསར་འགོད་པའི་བཞུགས་གནས་སུ་བཞུགས་རྒྱུ།གསར་འགོད་པའི་བཞུགས་ཁུལ་དུ་སླེབས་རྗེས་ཁུ་སིམ་དུ་བཞུགས་པ།

    གཉིས།བཅར་འདྲིའི་རླངས་འཁོར་ནི་ཚོགས་ཆེན་གྱི་རླངས་འཁོར་དཔང་ཡིག་བསྟན་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གཏན་འཁེལ་ས་ཁོངས་སུ་བཞག་ཆོག་པ།

    གསུམ།མཇུག་སྒྲིལ་བའི་ཚོགས་འདུ་གྲོལ་རྗེས།གསར་འགོད་པ་ཚོས་ཐོག་བརྩེགས་གཉིས་པའི་ལྷོ་ཕྱོགས་ཁྱམས་ར་ནས་མཇུག་སྒྲིལ་བའི་ཚོགས་འདུའི་སྐོར་གྱི་འབྲེལ་ཡོད་ཡིག་ཆ་བླངས་ཆོག་པ།

    བཞི།སྐུད་མེད་འཕེན་གཏོང་སྒྲིག་ཆས་ཚོགས་རར་ཁྱེར་མི་ཆོག གསར་འགོད་པ་མི་རེས་ལག་ཁྱེར་ཁ་པར་རེ་བསྣམས་ཆོགལག་ཁྱེར་ཁ་པར་གྱི་རང་ཉིད་པར་ལེན་དབྱུག་ཆས་ཁྱེར་མི་ཆོག་པ་དང་།ལག་ཁྱེར་ཁ་པར་ནི་སྒྲ་མེད་བརྡ་གཏོང་དུ་འཇོག་པའམ་ལག་ཁྱེར་གྱི་ཁ་རྒྱག་རོགས་གནང་།