ཚོགས་ཆེན་བཅུ་དགུ་པའི་བདེ་ཆེན་གྱི་འཐུས་མི་ཧོ་ཞུན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



    མི་རིགས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་མི་རིགས་ཁག་སེའུ་འབྲུའི་འབྲུ་རྡོག་ལྟར་དམ་པོར་འབྲེལ་དགོས་ཞེས་པའི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་སྐད་ཆ་དེ་ཉན་ནས།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་མཐའ་ཆུ་གྲོང་རྡལ་འབའ་གྲུ་གྲོང་སྡེའི་ཏང་ཙུང་ཀྲིའི་ཧྲུའུ་ཅི་ཧོ་ཞུན་གྱི་སེམས་ནང་ཧ་ཅང་དགའ་པོ་བྱུང་ཡོད།ཁོང་གིས་འབའ་གྲུ་གྲོང་སྡེ་དང་འབའ་གྲུ་གྲོང་སྡེའི་མཐའ་སྐོར་དུ་བོད་རིགས་དང་རྒྱ་རིགས།དབྱི་རིགས།འཇང་རིགས།ལི་སུའུ་རིགས་སོགས་མི་རིགས་མང་པོ་གནས་སྡོད་བྱེད་ཡོད།ལོ་20ཡི་རིང་ལ་འབའ་གྲུ་གྲོང་སྡེར་བདེ་འཇགས་ཉེས་དོན་གྱོན་གཞི་བྱུང་མེད་པ་དང་།ཡུལ་མི་རྣམས་ཀྱིས་མཐའ་སྐོར་གྲོང་སྡེའི་ཡུལ་མི་དང་རང་གི་ཕ་མ་བུ་ཕྲུག་ལྟར་མཉམ་སྡོད་བྱས་ཡོད།