མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པའི་མདུན་སྐྱོད་གོམ་སྟབས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-21   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་པའི་མདུན་སྐྱོད་གོམ་སྟབས།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་དམངས་འཚོའི་ལྟ་གཞི་གསར་པ།

    དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    2020ལོར་སླེབས་སྐབས་རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་བ་དང་། རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འབུད་པ། ས་ཁོངས་རང་བཞིན་གྱི་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པ། དབུལ་སྒྲོལ་དངོས་ཐུབ་པ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།

    ཕྲུ་གུ་ཚང་མར་དྲང་གཞག་དང་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱེད་པ། སློབ་ཞུགས་གོང་གི་སློབ་གསོ་དང་། དམིགས་བསལ་སློབ་གསོ། དྲ་རྒྱའི་སློབ་གསོ་བཅས་ཡག་པོ་གཉེར་བ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་ཕྲུ་གུ་ཚང་མར་དྲང་གཞག་དང་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས།

    ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་འགན་ལེན་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་དགོས།

བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་། རྒྱལ་དམངས་བདེ་ཐང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་དང་དུས་འཁོར་ཚང་བའི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་དགོས་པ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དང་། སྨན་བཅོས་འགན་ལེན་ལམ་ལུགས། སྤུས་ལེགས་ཕན་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཅས་ཕྱོགས་ཡོངས་ནས་བཙུགས་ཏེ་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།

    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི“ལོ་ངོ་སྟོང་གི་འཆར་གཞི་ཆེན་པོ”ཞིག་རེད།

    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལོ་ངོ་སྟོང་གི་འཆར་གཞི་ཆེན་པོ་ཞིག་རེད། ཆེས་ནན་ཤོས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་བྱེད་པ། ཐོན་སྐྱེད་གོང་འཕེལ་དང་། ལྟོ་གོས་འཛོམས་པ། སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་གོང་འཕེལ་གྱི་འགྲོ་ལམ་ཐོག་བློ་རྩ་བརྟན་པོས་སྐྱོད་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བཅས་བྱས་ནས་མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཡག་པོ་གཏོད་པ་དང་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་ཆེད་ལེགས་སྐྱེས་འབུལ་དགོས།

    མི་ཚང་མར་དཀའ་སྤྱད་ངལ་རྩོལ་བརྒྱུད་རང་ངོས་འཕེལ་རྒྱས་གཏོང་བའི་གོ་སྐབས་ལྡན་པར་བྱེད་དགོས།

    ལས་ཞུགས་སྤུས་ཚད་དང་མི་དམངས་ཀྱི་ཡོང་འབབ་མཐོ་རུ་གཏོང་དགོས་པ་དང་། ལས་ཞུགས་སྔོན་ལ་བྱེད་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མཐའ་འཁྱོངས་བྱས་ནས་སྤུས་ཚད་སྔར་བས་མཐོ་བ་དང་ལས་ཞུགས་སྔར་བས་ལེགས་པ་མངོན་འགྱུར་ཡོང་བ་བྱེད་དགོས་པ། དཔལ་འབྱོར་འཕར་སྣོན་ཡོང་བ་དང་ཆབས་ཅིག་གྲོང་མིའི་ཡོང་འབབ་མཉམ་དུ་འཕར་བ་བྱེད་པ་དང་། ངལ་རྩོལ་ཐོན་སྐྱེད་ཆེ་རུ་གཏོང་བ་དང་ཆབས་ཅིག་ངལ་རྩོལ་གྱི་ཐོབ་ཆ་མཉམ་དུ་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།

    རིམ་པ་མང་བའི་སྤྱི་ཚོགས་འགན་ལེན་མ་ལག་བསྐྲུན་དགོས།

    སྤྱི་ཚོགས་འགན་ལེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས། འགན་དབང་ཁ་གསལ། འགན་ལེན་ཚད་རན་པོ། རྒྱུན་མཐུད་ཆོག་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་ལེན་མ་ལག་ཕྱོགས་ཡོངས་ནས་བསྐྲུན་དགོས།

    བྱིས་པར་སྐྱོང་མཁན་ཡོད་པ་དང་སྐྱོ་པོར་སྐྱོར་མཁན་ཡོད་པ་བྱས་ནས་འཕེལ་རྒྱས་ཁྲོད་དམངས་འཚོའི་ཞན་ཆ་གསབ་དགོས།

    བྱིས་པར་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། སྐྱོ་པོར་སྐྱོར་མཁན་ཡོད་པ་བཅས་ཀྱི་ཐད་ལ་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་བ་བྱེད་དགོས།

    མི་དམངས་ཚང་མར་སྡོད་སའི་ཁང་པ་ཡོད་པ་བྱེད་དགོས།

    ཁང་པ་ནི་སྡོད་ས་ཡིན་པ་ལས་ཚོང་སྒྱུར་མིན་པའི་ངེས་གནས་མཐའ་འཁྱོངས་བྱས་ཏེ། བྱེད་པོ་མང་པོས་མཁོ་སྤྲོད་བྱེད་པ་དང་། ཐབས་ལམ་མང་པོ་ནས་འགན་ལེན་བྱེད་པ། བོགས་མར་གཏོང་བ་དང་ཉོ་སྒྲུབ་བྱ་རྒྱུ་གཉིས་གལ་ཆེ་མཉམ་དུ་འཛིན་པ་བཅས་ཀྱི་སྡོད་ཁང་ལམ་ལུགས་གང་མགྱོགས་བཙུགས་ནས་མི་དམངས་ཡོངས་ལ་སྡོད་སའི་ཁང་པ་ཡོད་པ་བྱེད་དགོས།