ཏང་གི་ཚོགས་ཆེན་བཅུ་དགུ་པ་ཞིབ་ཀློག་བྱེད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཚོགས་ཆེན་གྱི་བརྗོད་གཞི།

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཤིང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་རླབས་ཆེན་བླངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱ་དགོས་པ་དེ་རེད།

ལོ་རྒྱུས་ཀྱི་དུས་བབ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་བར་སླེབས་ཤིང་། འདི་ནི་རང་རྒྱལ་འཕེལ་རྒྱས་སོང་བའི་ལོ་རྒྱུས་དུས་བབ་གསར་བ་ཞིག་ཡིན།

འགལ་ཟླ་གཙོ་བོ།

རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མཉམ་མིན་ཞིང་འཐུས་ཚང་མིན་པའི་དབར་གྱི་འགལ་ཟླར་འགྱུར་བ་བྱུང་ཡོད།

རླབས་ཆེན་བཞི།

འཐབ་རྩོད་རླབས་ཆེན།

བཟོ་སྐྲུན་རླབས་ཆེན།

བྱ་གཞག་རླབས་ཆེན། 

ཕུགས་འདུན་རླབས་ཆེན།

དེ་དག་ལས་ཐག་གཅོད་རང་བཞིན་གྱི་བྱེད་ནུས་ཐོན་པ་ནི་ཏང་གི་འཛུགས་སྐྲུན་གྱི་བཟོ་སྐྲུན་རླབས་ཆེན་གསར་བ་དེ་ཡིན།

སྔར་བས་རང་རྟོགས་བྱེད་དགོས་པ་ལྔ།

སྔར་བས་རང་རྟོགས་ཀྱི་སྒོ་ནས་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ།

སྔར་བས་རང་རྟོགས་ཀྱི་སྒོ་ནས་མི་དམངས་ཀྱི་ཁེ་ཕན་སྲུང་བ།

སྔར་བས་རང་རྟོགས་ཀྱི་སྒོ་ནས་བསྒྱུར་བཅོས་གསར་གཏོད་ཀྱི་དུས་རབས་རླབས་རྒྱུན་ཁྲོད་དུ་ཞུགས་པ།

སྔར་བས་རང་རྟོགས་ཀྱི་སྒོ་ནས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་བ།

སྔར་བས་རང་རྟོགས་ཀྱི་སྒོ་ནས་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱེད་པ།

ཡིད་ཆེས་བཞི།

བགྲོད་ལམ་གྱི་ཡིད་ཆེས།

གཞུང་ལུགས་ཀྱི་ཡིད་ཆེས།

ལམ་ལུགས་ཀྱི་ཡིད་ཆེས།

རིག་གནས་ཀྱི་ཡིད་ཆེས།

དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡི་གསལ་ཐག་ཆོད་པ་བརྒྱད།

1.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སུ་ཁྱོན་ཡོངས་ནས་བསྐྱོད་པའི་རྨང་གཞིའི་ཐོག གོམ་པ་གཉིས་སུ་བགོས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དམངས་གཙོ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་གཟུགས་རྒྱུ་དེ་ཡིན་པ་བཅས་གསལ་ཐག་ཆོད་པ།

2.དུས་རབས་གསར་བར་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མཉམ་མིན་ཞིང་འཐུས་ཚང་མིན་པའི་དབར་གྱི་འགལ་ཟླ་ཡིན་པ་གསལ་ཐག་ཆོད་པ།

3.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་སྒྲིག་ནི“ཕྱོགས་ལྔ་གཞི་གཅིག”དང་། འཐབ་ཕྱོགས་ཀྱི་བཀོད་སྒྲིག་ནི“ཕྱོགས་ཡོངས་བཞི”ཡིན་པ་གསལ་ཐག་ཆོད་ཡོད་ལ། གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་བརྟན་པོར་བཅངས་དགོས་པ་ནན་བཤད་བྱས་ཡོད།

4.ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྐྱོད་རྒྱུ་དེ་ཡིན་པ་གསལ་ཐག་ཆོད་པ།

5.ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པ་གསལ་ཐག་ཆོད་པ།

6.ཏང་གིས་དུས་རབས་གསར་པའི་དམག་དོན་སྟོབས་ལྡན་ཡོང་བའི་དམིགས་འབེན་ནི་ཏང་གི་བཀོད་འདོམས་བརྩི་སྲུང་བྱེད་པ་དང་རྒྱལ་ཁ་ལེན་ཐུབ་པ། ཀུན་སྤྱོད་ལེགས་པའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པ་དང་། མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲས་སུ་འཛུགས་སྐྲུན་བྱེད་པ་བཅས་གསལ་ཐག་ཆོད་པ།

7.ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱིས་རྒྱལ་སྤྱིའི་འབྲེལ་བ་རྣམ་པ་གསར་པ་ཅན་གཟུགས་པར་སྐུལ་འདེད་གཏོང་དགོས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་དགོས་པ་གསལ་ཐག་ཆོད་པ།

8.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་པ་དེ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་རྐྱེན་ཆེས་ཆེ་ཤོས་ཀྱང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་པ་དེ་ཡིན་ཞིང་། ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་ཤུགས་ཆེ་ཤོས་དེ་ཡིན་པ་དང་། དུས་རབས་གསར་བར་ཏང་འཛུགས་སྐྲུན་གྱི་སྤྱིའི་རེ་བ་བཏོན་པ། ཆབ་སྲིད་འཛུགས་སྐྲུན་དེ་ཏང་གི་འཛུགས་སྐྲུན་ཁྲོད་དུ་གནས་བབ་གལ་ཆེན་ཟིན་པར་བྱེད་དགོས་པ་བཅས་གསལ་ཐག་ཆོད་པ།

གཞི་རྩའི་བྱེད་ཐབས།

ཏང་གིས་བྱ་བ་མཐའ་དག་ལ་འགོ་ཁྲིད་པ་རྒྱུན་འཁྱོངས།

མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས།

ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་རྒྱུན་འཁྱོངས།

འཕེལ་རྒྱས་བསམ་བློ་གསར་པ་རྒྱུན་འཁྱོངས།

མི་དམངས་རྒྱལ་ཁབ་ཀྱི་བདག་པོ་བྱེད་པ་རྒྱུན་འཁྱོངས།

ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས།

སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་མ་ལག་གཙོ་བོ་རྒྱུན་འཁྱོངས།

འཕེལ་རྒྱས་ཀྱི་ཁྲོད་ནས་དམངས་འཚོ་ལ་ཁག་ཐེག་དང་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས།

མི་དང་སྐྱེ་ཁམས་བར་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས།

སྤྱི་ཕྱོགས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས།

ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"དང་མེས་རྒྱལ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས།

མིའི་རིགས་ཀྱི་ལས་དབང་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས།

ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས།

འཐབ་ཇུས་བདུན།

ཚན་རིག་སློབ་གསོས་རྒྱལ་ཁབ་དར་བའི་འཐབ་ཇུས།

ས་ཁུལ་དོ་མཉམ་འཕེལ་རྒྱས་འགྲོ་བའི་འཐབ་ཇུས།

ཤེས་ལྡན་མི་སྣས་རྒྱལ་ཁབ་དར་བའི་འཐབ་ཇུས།

རྒྱུན་བསྲིང་འཕེལ་རྒྱས་འཐབ་ཇུས།

གསར་གཏོད་ཀྱི་འཕེལ་རྒྱས་འཐབ་ཇུས།

དམག་དམངས་གཅིག་མཐུན་འཕེལ་རྒྱས་འཐབ་ཇུས།

ཤང་གྲོང་དར་རྒྱས་འཐབ་ཇུས།

དུས་རིམ་གཉིས།

1.དུས་རིམ་དང་པོ། ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་དུ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པའི་རྨང་གཞིའི་ཐོག་ཏུ་མུ་མཐུད་ནས་ལོ་ངོ་བཅོ་ལྔར་འབད་བརྩོན་བྱས་ཏེ་གཞི་རྩའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་གྱུར་བྱ་རྒྱུ།

2.དུས་རིམ་གཉིས་པ། ཉིས་སྟོང་སོ་ལྔ་ལོ་ནས་དུས་རབས་འདིའི་དུས་དཀྱིལ་གྱི་བར་དུ། གཞི་རྩའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱས་པའི་རྨང་གཞིའི་ཐོག་མུ་མཐུད་དུ་ལོ་ངོ་བཅོ་ལྔར་འབད་བརྩོན་བྱས་ཏེ་རང་རྒྱལ་འབྱོར་ཕྱུག་དམངས་གཙོ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།

དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ།

འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་བྱེད་པ།

གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ཇེ་མྱུར་དུ་གཏོང་བ།

ཤང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ།

སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་འཐུས་ཚང་ཇེ་མྱུར་དུ་གཏོང་བ།

ཁྱོན་ཡོངས་ནས་སྒོ་མོ་འབྱེད་པའི་གནས་སྟངས་གསར་པ་ཆགས་པར་བྱེད་པ།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་གཏོང་བ།

ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་རྒྱལ་ཁབ་ཀྱི་བདག་པོ་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱེད་དགོས།

མི་དམངས་རྒྱལ་ཁབ་ཀྱི་བདག་པོ་བྱེད་པའི་ལམ་ལུགས་ཀྱི་ཁག་ཐེག་ལ་ཤུགས་སྣོན་རྒྱག་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་གྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་དགོས།

ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་གཏོང་དགོས།

ལས་ཁུངས་དང་སྲིད་འཛིན་ལམ་ལུགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས།

རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས།

འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགོ་ཁྲིད་དབང་ཆ་དམ་པོར་འཛིན་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་གསོ་སྐྱོང་དང་ལག་ལེན་བྱེད་དགོས།

བསམ་བློ་ཀུན་སྤྱོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་ཆེན་པོ་བྱུང་དགོས།

རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས།

དམངས་འཚོའི་ཆུ་ཚད་ཁག་ཐེག་དང་ལེགས་བཅོས་བྱེད་པར་ཤུགས་སྣོན་རྒྱག་དགོས།

སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་དགོས། ལས་ཞུགས་སྤུས་ཚད་དང་མི་དམངས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཛུགས་ཤུགས་ཆེ་རུ་གཏོང་དགོས། དབུལ་ཐར་སྲ་བརྟན་འཐབ་རྩོད་རྒྱུན་འཁྱོངས་བྱེད་དགོས། བདེ་ཐང་ཀྲུང་གོའི་བྱེད་ཕྱོགས་ལག་བསྟར་བྱེད་དགོས། མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་ཞིག་བསྐྲུན་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྐྲུང་སྐྱོང་གང་ལེགས་བྱེད་དགོས།

མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ།

སྔོ་ལྗང་ཅན་གྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། 

ཁོར་ཡུག་གནད་དོན་མངོན་གསལ་ཅན་ལ་ཐག་གཅོད་གང་ལེགས་བྱེད་དགོས།

སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་བསྒྱུར་བཅོས་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྟོབས་ལྡན་འཛུགས་པར་རྒྱུན་འཁྱོངས་བྱེད་དགོས།

རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

མིའི་རིགས་ཀྱི་ལས་དབང་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་དགོས།

ཁྱོན་ཡོངས་ནས་གཟབ་ནན་ངང་ཏང་སྐྱོང་བ་བློ་བརྟན་འགྱུར་མེད་ཡིན་དགོས།

ཏང་གི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཛིན་དགོས།

 དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲད་དགོས།

བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་དགོས།

གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་དག་ཐེར་དང་སྒྲིག་ལམ་ནན་སྲུང་བྱེད་དགོས།

རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་དགོས།

ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་དགོས།

ཏང་གི་སྲིད་སྐྱོང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།