ལིའུ་ཡུན་ཧྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཡུན་ནན་འཐུས་ཚབ་ཚོགས་པའི་གྲོས་བསྡུར་ལ་ཞུགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-19   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་གྱི་ཕྱི་དྲོ་བློ་མཐུན་ལིའུ་ཡུན་ཧྲན་ཁོང་གནས་སའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་དུས་རབས་གསར་པ་དང་། ལས་འགན་གསར་པ། རྒྱང་སྐྱོད་གསར་པ་བཅས་སྟངས་འཛིན་ནན་པོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས་ཞེས་གསུངས།

    ཟླ་10ཚེས་18ཉིན་གྱི་ཕྱི་དྲོ་ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་འཐུས་མིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་དམིགས་ནས་གྲོས་བསྡུར་ཚ་ཚ་འུར་འུར་ངང་གནང་བ་རེད། འཐུས་མི་ཚོའི་གཏམ་བཤད་གསན་རྗེས་ལིའུ་ཡུན་ཧྲན་གྱིས་གསུང་བཤད་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་དེ་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཞི་རྩའི་མཛད་ཇུས་ཁ་གསལ་བཏོན་གནང་བ་མ་ཟད། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་བསྐྱོན་གནང་བ་འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། ཁ་ཕྱོགས་སྟོན་པ། མཛད་ཇུས་གསལ་བཟོ། བརྗིད་ཆེའི་འཆར་གཞི་འགོད་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་དང་། འདི་ནི་འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག དེ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན་པས་ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས།

    ལིའུ་ཡུན་ཧྲན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་འདི་ནི་རང་རེའི་ཏང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། གྲུབ་འབྲས་འདི་དག་ཐོབ་པའི་གཞི་རྩ་ནི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་སྲ་ཞིང་བརྟན་པའི་སྲོག་ཤིང་གི་སྣེ་ཁྲིད་ཡོད་པ་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཡོད་པའི་དབང་གིས་ཡིན་ལ། འདི་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་སྔར་བས་མངོན་ཡོད་ཅེས་གསུངས།

    ལིའུ་ཡུན་ཧྲན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་བཏོན་གནང་བ་འདི་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་ལ་གནད་དུ་འཁེལ་བའི་སྙིང་བསྡུས་བྱས་པ་ཞིག་རེད། དུས་རབས་གསར་པར་ངོས་འཛིན་དང་གོ་བ་ལེན་པའི་གཙོ་གནད་ནི་འགོ་འཛུགས་ས་གསར་པ་དང་། ལས་འགན་གསར་པ། རྒྱང་སྐྱོད་གསར་པ་བཅས་ལ་སྟངས་འཛིན་བྱ་རྒྱུ་དེ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱིས་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་ལས་འགན་དང་འགན་འཁྲི་མངོན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་འགོ་ཚུགས་པའི་རྒྱང་སྐྱོད་གསར་པའི་ལས་འགན་དམིགས་ཚད་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ། དུས་རབས་གསར་པར་ཏང་ལ་བྱེད་རིན་གསར་པ་ཡོད་པ་དང་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངོས་འཛིན་གཏིང་ཟབ་བྱེད་དགོས་ཞེས་གསུངས།

    ལིའུ་ཡུན་ཧྲན་གྱིས་དུས་རབས་གསར་པ་ལས་རིགས་པའི་གཞུང་ལུགས་གསར་པ་བྱུང་བ་དང་རིགས་པའི་གཞུང་ལུགས་གསར་པས་ལག་ལེན་གསར་པར་སྣེ་ཁྲིད་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་མར་ཁེ་སི་རིང་ལུགས་ཀྱི་གནས་ཚད་གསར་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གནས་ཚད་གསར་པ་། ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གནས་ཚད་གསར་པ། ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གནས་ཚད་གསར་པ་བཅས་བཏོད་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པའི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བྱས་པ་འདིས་ཏང་གི་མཛུབ་ཁྲིད་དགོངས་པར་སླར་ཡང་དུས་བསྟུན་འཕེལ་རྒྱས་བྱུང་བ་དང་དེར་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་གལ་ཆེན་ལྡན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་དགོངས་པ་དེའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། ལོ་རྒྱུས་ཀྱི་གནས་བབ། ཚན་རིག་གི་མ་ལག དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ནང་ཁྱབ་པའི་དད་མོས་དད་སེམས་བརྟན་པོ་དང་། མི་དམངས་ཀྱི་ལང་ཕྱོགས་ཁ་གསལ། ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོ་འཁུར་ཕོད་པ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ། གསར་གཏོད་བྱེད་ཕོད་པའི་སྙིང་སྟོབས་དང་ཚན་རིག་གི་བརྟག་ཐབས་སྨྲ་བ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ་ཏང་གི་གསར་གཏོད་བྱས་པའི་རིགས་པའི་གཞུང་ལུགས་ལ་གང་ལེགས་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།