ཚོགས་ཆེན་བཅུ་དགུ་པར་ལེགས་སྐྱེས་ཕུལ་བའི་གློག་བརྙན་《མཐའ་སྲུང་བ》ཞེས་པ་ཐོག་མར་བསྟན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-18   རྩོམ་ཁུངས།    མི་དམངས་དྲ་བ།

     ཟླ་10ཚེས་17ཉིན། ཁྲང་ཁྲུན་གློག་བརྙན་ཚོགས་པས་པར་ལེན་བཟོ་སྐྲུན་བྱས་པའི་གློག་བརྙན་《མཐའ་སྲུང་བ་》ཞེས་པ་པེ་ཅིང་དུ་ཐོག་མར་སྟོན་པའི་མཛད་སྒོ་འཚོགས་པ་རེད།
     གློག་བརྙན་《མཐའ་སྲུང་བ་》ཞེས་པ་ནི་རྒྱལ་ཡོངས་ཀྱི"དུས་རབས་ཀྱི་མིག་དཔེ"ཝེ་ཏེ་ཡིའུ་ཡི་སྔོན་ཐོན་མཛད་རྗེས་ལ་གཞིགས་ཏེ་བཅོས་སྒྲིག་གསར་རྩོམ་བྱས་པ་ཡིན་ཞིང་། དུས་ཚོད་ཀྱི་ཁུངས་སྣེ་དང་མི་སྣའི་ཁུངས་སྣེ་བསྣོལ་ནས་དོན་བརྗོད་བྱས་པར་བརྟེན་ཏེ་སྒྱུ་རྩལ་གྱི་ཐོག་ནས་ཤིན་ཅང་སྤྱི་བདེ་ཅུས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་མཐའ་སྲུང་བ་ཝེ་ཏེ་ཡིའུ་ཡི་ལོ་ངོ་50ལྷག་རིང་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པའི་མཐའ་སྐྱོང་མཐའ་སྲུང་གི་གཏམ་རྒྱུད་གསལ་སྟོན་བྱས་པ་དང་། མི་དཀྱུས་མའི་རྒྱལ་གཅེས་བརྩེ་སེམས་རླབས་པོ་ཆེ་བརྩམས་ཡོད་པས། དེ་ནི་རང་རྒྱལ་གྱི་ཡུལ་དམག་གྱིས་བཅའ་སྡོད་མཐའ་སྲུང་བྱས་པ་མཚོན་པའི་གློག་བརྙན་ཞིག་རེད།
     གློག་བརྙན་འདི་ནི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ་ཆེད་ལེགས་སྐྱེལ་ཕུལ་བའི་གློག་བརྙན་གཙོ་བོར་བཀོད་པ་མ་ཟད། ཚེས་17ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཚང་མར་སྟོན་འགོ་ཚུགས་པ་རེད།