བདེ་ཆེན་ཁུལ་གྱིས་གླུ་ལེན་འགྲན་ཚོགས་བསྡུས་ནས་ཚོགས་ཆེན་བསུ་བ།

རྩོམ་པ་པོ།   གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-10-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   ཟླ་10པའི་ཚེས་14ཉིན།བདེ་ཆེན་ཁུལ་རིམ་པས་སྲོག་ཤིང་ལ་སྲུང་སྐྱོང་དང་སེམས་པ་པེ་ཅིང་ལ་ཕྱོགས་པ།བསྟོད་གླུ་ཏང་ལ་འབུལ་བ་ཞེས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་དགའ་བསུ་ཞུ་བའི་གླུ་ལེན་འགྲན་ཚོགས་བསྡུས་པ།ཁུལ་རིམ་པའི་འཐུས་ཚབ་རུ་ཁག་10འགྲན་བསྡུར་དུ་ཞུགས་པ།   འགྲན་བསྡུར་དུ་ཞུགས་པའི་འཐུས་ཚབ་རུ་ཁག་ཡོངས་ཀྱིས་ངེས་པར་དུ་ལེན་དགོས་པའི་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཞེས་པའི་གླུ་དབྱངས་ལེན་པ་མ་ཟད།ད་དུང་གངས་ལྗོངས་ཀྱི་འགྲིམ་འགྲུལ་པ།ང་དང་ངའི་མེས་རྒྱལ་སོགས་གླུ་དབྱངས་ལེན་ནས།བདེ་ཆེན་ཁུལ་གྱི་རྒྱ་ཆེ་བའི་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པར་དགའ་བསུ་ཞུ་པའི་བསམ་པའི་རྣམ་པ་མངོན་གསལ་བྱས་ཡོད།

ཟླ་10པའི་ཚེས་15ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྲོག་ཤིང་ལ་སྲུང་སྐྱོང་དང་སེམས་པ་པེ་ཅིང་ལ་ཕྱོགས་པ།བསྟོད་གླུ་ཏང་ལ་འབུལ་བ་ཞེས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པར་དགའ་བསུ་ཞུ་བའི་གླུ་ལེན་འགྲན་ཚོགས་བསྡུས་པ།ལས་རིགས་ཁག་ནས་ཡོང་བའི་འཐུས་ཚབ་རུ་ཁག་9འགྲན་བསྡུར་དུ་ཞུགས་ཡོད།


 ཟླ་10པའི་ཚེས་16ཉིན།འཇོལ་རྫོང་གིས་སྲོག་ཤིང་ལ་སྲུང་སྐྱོང་དང་སེམས་པ་པེ་ཅིང་ལ་ཕྱོགས་པ།བསྟོད་གླུ་ཏང་ལ་འབུལ་བ་ཞེས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པར་དགའ་བསུ་ཞུ་བའི་གླུ་ལེན་འགྲན་ཚོགས་བསྡུས་ནས།ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་རྒྱུར་སྔོན་འདུན་ཞུ་བ་རེད།རྫོང་རིམ་པའི་འཐུས་ཚབ་རུ་ཁག་9ཡིས་གཟབ་མཆོར་སྤྲས་ནས་འགྲན་བསྡུར་དུ་ཞུགས་པ་དང་།ལྟད་མོ་བ་500ལྷག་དེར་ཞུགས་ཡོད


ཟླ་10པའི་ཚེས་16ཉིན།འབའ་ལུང་རྫོང་གིས་སྲོག་ཤིང་ལ་སྲུང་སྐྱོང་དང་སེམས་པ་པེ་ཅིང་ལ་ཕྱོགས་པ།བསྟོད་གླུ་ཏང་ལ་འབུལ་བ་ཞེས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པར་དགའ་བསུ་ཞུ་བའི་གླུ་ལེན་འགྲན་ཚོགས་བསྡུས་པ།དེར་ཞུགས་པའི་འཐུས་ཚབ་རུ་ཁག་སོ་སོས་ཡིད་དབང་འཕྲོག་པའི་གླུ་སྒྲས་ཏང་ལ་བཅངས་པའི་བརྩེ་སེམས་མཚོན་པ་དང་མེས་རྒྱལ་ལ་བཀྲ་ཤིས་པའི་སྨོན་འདུན་ཞུ་བ་རེད།