ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་པའི་འཐུས་མི་ཚོགས་པ38ཚང་མས་འབྱོར་ཐོ་བཀོད་ཡོད་པ།

རྩོམ་པ་པོ།   བོད་དྲ།  ཡིག་བསྒྱུར།       དུས་ཚོད།   2017-10-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་པེ་ཅིན་དུ་འཛོམས་ཡོད། ཚེས16ཉིན་གྱི་དགོང་མོའི་བར་དུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར31གི་འཐུས་མི་ཚོགས་པ་དང་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་ཚོགས་པ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འཐུས་མི་ཚོགས་པ། ཀྲུང་དབྱང་ཁེ་ལས་མ་ལག་གི་འཐུས་མི་ཚོགས་པ། ཀྲུང་དབྱང་དངུལ་རྩའི་མ་ལག་གི་འཐུས་མི་ཚོགས་པ། བཅིངས་འགྲོལ་དམག་གི་འཐུས་མི་ཚོགས་པ། དྲག་ཆས་དམག་དཔུང་གི་འཐུས་མི་ཚོགས་པ་དང་ཐའེ་ཝན་ཞིང་ཆེན་གྱི་ཁོངས་མིར་གཏོགས་པའི་ཏང་ཡོན་འཐུས་མི་ཚོགས་པ་སོགས་འཐུས་མི་ཚོགས་པ་ཚང་མས་ཚོགས་ཆེན་ལ་འབྱོར་ཐོ་བཀོད།

   འཐུས་མི་རྣམས་ནི་མེས་རྒྱལ་གྱི་ས་ཁུལ་དང་ལས་རིགས་སོ་སོ་ཁག་ནས་ཡོང་བ་ཡིན་ཞིང་། འཐུས་མི་རྣམས་ཀྱིས་འདས་པའི་ལོ་ལྔ་རིང་གི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས་སྙན་ཞུ་བསྣམས་ཡོད། ཁོ་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་སྐབས་དང་ཀྲུང་གོའི་ཁྱད་ལྡན་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་བསྡུས་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནི་དུས་རབས་ཀྱི་དཀྱོགས་མཚམས་དང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་ཆེན་ཞིག་ཡིན་པར་འདོད།