ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་རྣམས་པེ་ཅིན་དུ་འབྱོར་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-16   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།


ཟླ10བའི་ཚེས15ཉིན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་རྣམས་པེ་ཅིན་དུ་འབྱོར།

 ཟླ10བའི་ཚེས15ཉིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བར་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་རྣམས་པེ་ཅིན་དུ་འབྱོར།

ད་ལོའི་ཟླ6པར། བོད་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་འཐུས་མི29འདེམས་བསྐོ་བྱས། འཐུས་མི29ཡི་ཁྲོད། ལས་རིགས་སོ་སོའི་གཞི་རིམ་ནས་ཡོང་བའི་ཏང་ཡོན11ཡོད། གྲངས་ཉུང་མི་རིགས་ས་ཁུལ་གྱི་འཐུས་མི་ཚོགས་པ་ཡིན་པའི་ཆ་ནས། བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི20ཡོད་པ་དང68.97%ཟིན། ཐེངས་འདིའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་འཐུས་མི་རྣམས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་ཞིང་། ལས་རིགས་ཕྱོགས་ནས་སློབ་གསོ་དང་། སྨན་བཅོས། ས་གཤིས་ཀྱི་རྩད་ཞིབ་ཐིག་ལེན་སོགས་ཁྱབ་ཁོངས་མང་པོ་འདུས། འཐུས་མི་ཚང་མས་སྙིང་སྟོབས་ཆེན་པོས་ཚོགས་ཆེན་གྱི་གྲོས་རིམ་ནང་ཞུགས་ཏེ་ཏན་ཏིག་ངང་བླ་ན་མེད་པའི་འགན་འཁྲི་འཁུར་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།