ཏང་སྐྱོང་ཤུགས་ཆེར་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་དང་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་དགོས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-10-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཀུའུ་ཁུན་གྱིས་བདེ་ཆེན་རྫོང་གཡག་རྭ་ཤང་དུ་བརྟག་ཞིབ་གནང་སྐབས་བླང་བྱ་བཏོན་དོན།

ཏང་སྐྱོང་ཤུགས་ཆེར་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་དང་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་དགོས།


    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་9ཚེས་29ཉིན།ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་བདེ་ཆེན་རྫོང་གཡག་རྭ་ཤང་དུ་དབུལ་སྒྲོལ་འགག་སྒྲོལ་དང་།སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་།དེ་བཞིན་གཞི་རིམ་གྱི་ཏང་འཛུགས་སོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་བྱེད་དུས་བླང་བྱ་བཏོན་དོན།དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ།ཐོན་ལས་སྟོབས་ཆེར་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།རྨང་གཞི་བརྟན་དུ་གཏོང་བ་དང་ཏང་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཕུལ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུ་དགོས།

     ཉིན་དེར།ཀུའུ་ཁུན་འཁོར་དང་བཅས་པ་སྔ་རྗེས་སུ་གཡག་རྭ་ཤང་འབུར་སྟེང་གྲོང་ཚོ་དང་།རྒྱ་སྒང་གྲོང་ཚོར་ཟབ་འཇུག་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་གཞི་རིམ་གྱི་ལས་བྱེད་མི་སྣ་དང་སྤེལ་རེས་བྱས་པ་དང་།གཞི་རིམ་གྱི་ལས་ཀར་གནས་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་དང་དུད་ཚང་དབུལ་པོ་འགའ་ཞིག་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད།ཁོང་ཚོར་རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་ལ་སྤྲོད་སྐྱིད་ཡོང་བའི་སྨོན་འདུན་ཞུས་ཤིང་།བརྟག་དཔྱད་ཞིབ་འཇུག་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ།ཀུའུ་ཁུན་གྱིས་བཤད་རྒྱུར། “དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་།ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དུས་བཀག་བཞིན་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་རྒྱུ་ནི་མིག་སྔའི་དུས་སྐབས་ཤིག་རིང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས་པའི་དོན་ཆེན་ཞིག་ཡིན་ཞིང་།ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་སུ་ལ་དབུལ་སྒྲོལ་རོགས་སྐྱོར་བྱེད་པ་དང་སུས་རོགས་སྐྱོར་བྱེད་པ།ཇི་ལྟར་རོགས་སྐྱོར་བྱེད་པ་དང་ཇི་ལྟར་ཕྱིར་འཐེན་བྱེད་པ།གོ་རིམ་ཧྲིལ་པོར་གནད་སྨིན་པ་བྱེད་རྒྱུའི་བླང་བྱ་ལྟར། ‘མེ་ཏོག་འཚེམ་དྲུབ’ཀྱི་སྟོབས་ཤུགས་བཏོན་ནས་བདེན་པ་བདེན་ཐུབ་ཀྱིས་གནད་སྨིན་དང་དངོས་གནས་ཀྱི་ལས་ཀ་སྒྲུབ་དགོས།

    གཡག་རྭ་ཤང་སྲིད་གཞུང་དུ་ཀུའུ་ཁུན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་རྫོང་དང་ཞང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་ལས་ཀའི་སྙན་ཞུ་གསན་པ་རེད།